ཝང་ཡུས་ཡན་གྱིས་མཚོ་ཤར་གྲོང་ཁྱེར་དུ་རྟོག་ཞིབ་བྱས།
2020.03.01 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 16

ཉེ་ལམ།  ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན།   རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཝང་ཡུས་ཡན་མཚོ་ཤར་གྲོང་ཁྱེར་དུ་སོང་ནས་རིམས་ནད་འགོག་བཅོས་དང་ལས་ཀ་དང་ཐོན་སྐྱེད་སླར་གསོ་གནས་ཚུལ་ལ་རྟོག་ཞིབ་མཛུབ་སྟོན་བྱས།

ཝང་ཡུས་ཡན་སྔ་གཞུག་ཏུ་མཚོ་ཤར་བཟོ་ལས་ཁུལ་གྱི་ཁེ་ལས་ཁ་ཤས་དང་།   དཔའ་ལུང་རྫོང་གི་རྩ་བ་གྲོང་རྡལ་དང་ཚེའུ་མགུར་གྲོང་རྡལ་བཅས་སུ་སོང་ནས།  ཁེ་ལས་ཀྱི་ལས་ཀ་འཁོར་སྐྱོད་དང་ཞིང་སྡེའི་དཔྱིད་འདེབས་གནས་ཚུལ་ལ་རྒྱུས་ལོན་བྱས་པར་མ་ཟད།   མཚོ་ཤར་གྲོང་ཁྱེར་གྱིས་བློ་བརྟན་འགྱུར་མེད་ངང་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་ནན་མོ་བྱས་ཏེ་ཕྱོགས་གཅིག་ནས་རིམས་ནད་འགོག་བཅོས་བྱེད་རྒྱུ་དམ་འཛིན་དང་།  ཕྱོགས་གཅིག་ནས་བརྟན་འཇགས་དྲུག་གི་བྱ་བ་དམ་འཛིན་བྱས་པ་སོགས་བྱ་བར་ཁས་ལེགས་གང་ལེགས་བྱས།  ཁོ་མོས་བསྟན་དོན།   རྒྱལ་ཡོངས་ཏོག་གསར་གློ་ཚད་རིམས་ནད་འགོག་བཅོས་ལ་གཅིག་གྱུར་སྐུལ་འདེད་གཏོང་བ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་བྱ་བའི་བཀོད་སྒྲིག་གྲོས་ཚོགས་དང་།   ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཀྱི་དགོངས་དོན་གཟབ་ནན་གྱིས་ལག་བསྟར་དོན་འཁྱོལ་བྱས་ཏེ་ཚན་རིག་ལྟར་རིམས་ནད་འགོག་བཅོས་བྱེད་དགོས་པ་དང་།  སྟོབས་ཤུགས་ཡོད་རྒུས་ལས་ཀ་དང་ཐོན་སྐྱེད་སླར་གསོ་བྱས་ནས་ཕྱོགས་གཉིས་དམ་འཛིན་དང་འཐུས་ཤོར་མི་འབྱུང་བ་གཉིས།   ཡར་སྐུལ་གཉིས་བཅས་བཟང་བོར་བསྒྲུབ་དགོས།  ཆབ་སྲིད་ལངས་གནས་མཐོར་འདེགས་བཏང་སྟེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་བླང་བྱ་ལག་བསྟར་ནན་མོ་བྱས་ཏེ་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་སོ་སོ་དོན་འཁྱོལ་ཡག་པོ་བྱེད་དགོས།  རྒྱལ་ཁ་ལེན་ངེས་པའི་ཆོད་སེམས་ཇེ་བརྟན་དུ་བཏང་སྟེ་ཕྱིར་འགྲོ་ནང་ཡོང་གི་དོ་དམ་རྒྱུན་འཁྱོངས་ཀྱིས་འགོག་བཅོས་བྱ་བ་སོ་སོ་དོན་དངོས་དང་མཐུན་ཞིང་གཟབ་ནན་གྱིས་དམ་འཛིན་བཟང་བོ་བྱེད་དགོས།  གོ་རིམ་ལྡན་པའི་ངང་ནས་ལས་ཀ་དང་ཐོན་སྐྱེད་སླར་གསོ་བྱེད་དགོས་པ་དང་།    སྣེ་ཁྲིད་ཁེ་ལས་སོགས་ཀྱིས་མགྱོགས་མྱུར་ངང་ལས་ཀ་སླར་གསོ་པར་དངོས་གཉེར་ཕན་མཐོའི་སྲིད་ཇུས་བྱེད་ཐབས་གཏན་ཁེལ་བྱས་ཏེ་དངོས་ཡོད་དཀའ་ཁག་ཐག་གཅོད་བྱེད་པར་རོགས་སྐྱོར་བྱེད་དགོས།  སྟོབས་ཤུགས་ཡོད་རྒུས་དཔྱིད་འདེབས་བྱ་བ་བཟང་བོར་བསྒྲུབ་ནས་ཞིང་སྤྱོད་དངོས་རྫས་ཐོན་སྐྱེད་དང་འཁོར་སྐྱོད།  མཁོ་འདོན་བཅས་རྩ་འཛུགས་བཟང་བོ་བྱས་ཏེ་ཞིང་ཆེན་ལས་ཐོན་སྐྱེད་ལ་འགན་སྲུང་བྱེད་དགོས།   ཏང་འཛུགས་ཀྱིས་དབུལ་ཐར་མཁྲེགས་གཏོར་ལ་ཡར་སྐུལ་དང་ཞང་སྡེ་དར་སྤེལ་ལ་ཡར་སྐུལ་བྱེད་རྒྱུ་དམ་འཛིན་གྱིས་དབུལ་ཕོངས་ངལ་རྩོལ་ནུས་ཤུགས་ལས་གནས་སྟེང་ཕྱིར་ལོག་པར་རྩ་འཛུགས་བཟང་བོ་བྱེད་པ་དང་།   སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་དབུལ་ཐར་མཁྲེགས་གཏོར་ལས་རྣམ་པར་རྒྱལ་བར་རྨང་གཞི་བརྟན་པོ་འདིང་དགོས་ཟེར།