མཚོ་སྔོན་ཞིང་ཆེན་གྱི་ལས་སྒོ་སླར་གསོའི་ཞབས་ཞུའི་ཁ་པར་དང་ཞབས་ཞུའི་དྲ་ཚིགས། སྐད་འཕྲིན་སྤྱི་སྟེགས།
2020.03.01 ཁུངས། ཀློག་གྲངས། 26

ཟླ2པའི་ཚེས26ཉིན། ཞིང་ཆེན་མི་དམངས་སྲིད་གཞུང་གིས་«ནུས་ལྡན་གྱི་བྱེད་ཐབས་སྤྱད་ནས་ནུས་ཤུགས་ཡོད་རྒུས་ལས་སྒོ་སླར་གསོ་ལ་སྐུལ་འདེད་བྱེད་པ་དང་འབྲེལ་བའི་ཁ་གསབ་ཀྱི་གཏན་འབེབས»འགྲེམ་སྤེལ་བྱས་ནས།ཁེ་ལས་ཀྱི་ལས་སྒོ་སླར་གསོ་དང་དཀའ་ངལ་ལས་སྒྲོལ་བར་རྒྱབ་སྐྱོར་བྱས། ཁེ་ལས་སོ་སོས་ལས་སྒོ་སླར་གསོའི་ཐད་ཀྱི་སྲིད་ཇུས་འདི་གསལ་བོ་ཤེས་སུ་བཅུག་ནས་བཀོལ་སྤྱོད་ལེགས་པོ་བྱ་དགོས་ཤིང་། གལ་ཏེ་མི་ཤེས་ས་ཡོད་ན། ལས་སྒོ་སླར་གསོའི་ཞབས་ཞུའི་ཁ་པར་ཨང་གྲངས12345དང་ཞབས་ཞུའི་དྲ་ཚིགསhttp://fgfc.qinghai.gov.cn   དེ་མིན་ཞིང་ཆེན་སྲིད་གཞུང་གི་དྲ་ཚིགས http://www.qh.gov.cnདང་སྐད་འཕྲིན་སྤྱི་སྟེགས“青海发改”(ལས་སྒོ་སླར་གསོའི་ཆེད་དོན་ལེ་ཚན)བཅས་བརྒྱུད་དེ་བློ་དྲིས་ཆོག

མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་ནས།