མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་ཏང་ཙུའུ་ཧྲུའུ་ཅིའམ་ཐེ་ཀྲང་ཀྲིག་ཞན་ཨན་སོགས་གཅན་ཚ་རྫོང་དུ་བསྐྱོད་དེ་ལས་སྒོ་སླར་གསོ་དང་རྨོ་འདེབས་གྲ་སྒྲིག་བྱ་བར་ལྟ་ཞིབ་དང་བཅར་འདྲི་བྱས།
2020.03.03 ཁུངས། ཀློག་གྲངས། 7

གངས་ལྗོངས་མེ་ལོང་དྲ་བའི་འཕྲིན། དཔྱིད་འགོ་ཚུགས་ནས་བྱ་དངོས་ཐམས་ཅད་ལ་གསོན་ཤུགས་འབར་བའི་དུས་ཏེ། སྤྱི་ཟླ3པའི་ཚེས1ཉིན། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་ཏང་ཙུའུ་ཧྲུའུ་ཅིའམ་ཐེ་ཀྲང་ཀྲིག་ཞན་ཨན་དང་བཅས་པའི་མི14གཅན་ཚ་རྫོང་དུ་བསྐྱོད་དེ། ལས་སྒོ་སླར་གསོ་དང་རྨོ་འདེབས་གྲ་སྒྲིག་བྱ་བར་ལྟ་ཞིབ་དང་བཅར་འདྲི་བྱས་ཤིང་།  རྨ་ལྷོ་ཁུལ་ཨུའི་རྒྱུན་ཨུའམ་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ལི་ཞུའེ་ཅུན་དང་། གཅན་ཚ་རྫོང་ཨུའི་རྒྱུན་ཨུའམ་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཀྲུའུ་ཡུས་ཡིང་གིས་འགྲོ་རོགས་བྱས།

   ཀྲིག་ཞན་ཨན་དང་བཅས་པས་སྔ་རྗེས་སུ་གཅན་ཚ་རྫོང་བཟོ་ལས་གླིང་ཁུལ་གྱི་བསྟན་པ་དར་རྒྱས་བལ་འཐག་བཟོ་གྲྭ་དང་། ཙོང་ཁ་བཀའ་བསྟན་རིག་གནས་ཐོན་ལས་ཀུང་ཟི། གཅན་ཚ་རྫོང་གཙག་གྲུབ་བོད་ལྭ་འཚེམ་བཟོ་ཚད་ཡོད་ཀུང་ཟི། གཅན་ཚ་རྫོང་ཧྲེང་པའོ་མི་རིགས་རིག་གནས་ཚད་ཡོད་ཀུང་ཟི། གཅན་ཚ་རྫོང་ཁུན་ཡུས་ཞིང་ཐོན་དངོས་རྫས་ཚད་ཡོད་ཀུང་ཟི། ཁང་ཡཱང་གྲོང་རྡལ་དབྱི་ཕུང་ཤ་རིགས་ལས་སྣོན་ཐུམ་སྒྲིལ་ཚད་ཡོད་ཀུང་ཟི། ཁཱན་པོ་ཝོ་པའོ་སྐྱེ་དངོས་སྐྱེ་ལྡན་ལུད་འདེབས་ཞིང་པའི་ཆེད་ལས་མཉམ་ལས་ཁང་བཅས་སུ་སོང་སྟེ།   སྒྲིག་ཆས་སྣ་ཚོགས་འཁོར་སྐྱོད་དང་། ཐོན་རྫས་བཟོ་བའི་བརྒྱུད་རིམ། བཟོ་རྩལ་བརྒྱུད་རིམ། བྲིན་ཚོང་སོགས་ཀྱི་གནས་ཚུལ་ལ་ལྟ་ཞིབ་དང་བཅར་འདྲི་བྱས་ཤིང་། ཁེ་ལས་ཁག་གི་འགན་འཁུར་བས་ལས་སྒོ་སླར་གསོ་དང་འབྲེལ་བའི་གནས་ཚུལ་ངོ་སྤྲོད་ཞིབ་ཕྲ་བྱས། དེ་དང་ཆབས་ཅིག་ཁང་ཡཱང་གྲོང་བརྡལ་དུ་ཡོད་པའི་མཚོ་སྔོན་གྱི་རིམ་པ་གསུམ་པའི་ཞིང་ལས་ཚན་རྩལ་ཚད་ཡོད་ཀུང་ཟིའི་མུའུ་སྟོང་ཅན་གྱི་འདམ་རྩྭ་འདེབས་འཛུགས་རྟེན་གཞིར་བསྐྱོད་དེ་བཅར་འདྲི་བྱས་པ་དང་འདམ་རྩྭ་འདེབས་འཛུགས་ཐོན་སྐྱེད་གནས་ཚུལ་ལ་ལྟ་ཞིབ་བྱས།

  བཅར་འདྲིའི་སྐབས་སུ།  ཀྲིག་ཞན་ཨན་གྱིས་གཅན་ཚ་རྫོང་གི་རིམས་ནད་སྔོན་འགོག་དང་ལས་སྒོ་སླར་གསོ“ཕྱོགས་གཉིས་དམ་འཛིན་དང་། གཉིས་ཀར་འཐུས་ཤོར་མེད་པ། གཉིས་ཀར་སྐུལ་འདེད་གཏོང་བ”བཅས་ཀྱི་ལས་དོན་ལ་ཁས་ལེན་གང་ལེགས་བྱས་པ་དང་། གསར་འགྱུར་དྲིལ་སྒྲོག་བྱ་བར་མཛུབ་སྟོན་གནང་།