མཚོ་སྔོན་གྱིས་བདེ་ཐང་འགྲོ་འོང་བྱང་བུ་ལས་ནས་དགེ་སློབ་རྣམས་ཀྱི་འགྲོ་འདུག་སྟབས་བདེ་བཟོས།
2020.03.03 ཁུངས། ཀློག་གྲངས། 37

གངས་ལྗོང་མེ་ལོང་དྲ་བའི་འཕྲིན། ཟླ3པའི་ཚེས2ཉིན། མཚོ་སྔོན་ཞིང་ཆེན་གྱི་ཏོག་གསར་གློ་ཚད་རིམས་ནད་འགོག་སྲུང་དང་ཐག་གཅོད་ཐད་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་བཅུ་གཅིག་པའི་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱིས་སློབ་ཞུགས་མི་སྣ་དག་ལ་ཁ་གཏད་དེ་བདེ་ཐང་འགྲོ་འོང་བྱང་བུའི་ལམ་ལུགས་ལག་བསྟར་བྱས་པ་དང་། རྫོང་ཁོངས་བརྒལ་ནས་སློབ་གྲྭར་ཞུགས་དགོས་པའི་དགེ་སློབ་རྣམས་ཀྱིས་གྲོང་ཚོའི(སྡེ་ཁུལ)ནང་ནས་བདེ་ཐང་འགྲོ་འོང་བྱང་བུ་སྤྲོད་རྒྱུའི་རེ་ཞུ་བྱས་ཆོག བདེ་ཐང་འགྲོ་འོང་བྱང་བུ་བཟུང་ནས་ཞིང་ཆེན་ནང་ཁུལ་གྱི་ས་ཆ་གང་དུ་ཕྱིན་ཀྱང་བཀག་རྒྱ་མེད་ལ། ལོགས་སུ་བཀར་ནས་ལྟ་ཞིབ་བྱེད་མི་དགོས་པར་བཟོས།

མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཝང་ཧུའུ་ཡིས་ངོ་སྤྲོད་བྱས་པ་ལྟར་ན།  སློབ་ཁྲིད་སླར་གསོའི་ལས་དོན་ཕན་འབྲས་ལྡན་ལ་གོ་རིམ་ལྡན་པའི་ངང་སྤེལ་བར་སྐུལ་འདེད་གཏོང་ཆེད། མཚོ་སྔོན་ཞིང་ཆེན་བཀོད་འདོམས་པུའུ་ཡི་གཞུང་ལས་ཁང་གིས《སློབ་ཞུགས་སླར་གསོའི་མི་སྣར་བདེ་ཐང་འགྲོ་འོང་བྱང་བུའི་ལམ་ལུགས་ལག་བསྟར་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམས་ནས་ཞིང་ཆེན་ཡོངས་ཀྱི་སློབ་ཞུགས་སླར་གསོའི་མི་སྣར་བདེ་ཐང་འགྲོ་འོང་བྱང་བུའི་ལམ་ལུགས་ལག་བསྟར་དང་དོན་འཁྱོལ་ཐུབ་པ་བྱས་ཡོད་ཟེར།

མཚོ་སྔོན་ནང་ཁུལ་ནས་ཉིན14ཡན་ལ་བསྡད་པ་དང་། ནད་རྟགས་གང་ཡང་མེད་ཚེ།

འབྲེལ་ཡོད་ཆ་རྐྱེན་འཛོམས་པའི་གནས་ཚུལ་འོག་གྲོང་ཚོའི(སྡེ་ཁུལ)ནང་ནས་བདེ་ཐང་འགྲོ་འོང་བྱང་བུ་སྤྲོད་པའི་རེ་ཞུ་བྱས་ཆོག་ཅིང་།  བདེ་ཐང་འགྲོ་འོང་བྱང་བུ་ནི་ཐོབ་ཐང་ལག་ཁྱེར(ཁྱིམ་ཐོ)དང་མཉམ་དུ་བེད་སྤྱོད་བྱེད་དགོས་ལ་བཀོལ་ཡུན་ཉིན5ཡིན།