ལི་ཏུའུ་ས་ཁུལ་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་ཡིས་ལས་སྒོ་སླར་གསོ་བྱས་རྗེས་རིམས་ནད་འགོག་སྲུང་བྱེད་ཐབས་དོན་འཁྱོལ་བྱས་མེད་པའི་ཚོང་གཉེར་ཁང་ལ་ལས་མཚམས་འཇོག་ཏུ་བཅུག་ནས་དག་ཐེར་བྱས།
2020.03.04 ཁུངས། ཀློག་གྲངས། 7

གངས་ལྗོངས་མེ་ལོང་དྲ་བའི་འཕྲིན། ཟླ2པའི་ཚེས28ཉིན། ལི་ཏུའུ་ཁུལ་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ་དང་གྲོང་ཁྱེར་དོ་དམ་ཅུའུ་གཉིས་ཀྱིས་མཉམ་འབྲེལ་སྒོས་གྲོང་ཁུལ་གྱི་ལས་སྒོ་སླར་གསོ་བྱས་པའི་ཚོང་གཉེར་ཁང་གིས་རིམས་ནད་འགོག་སྲུང་བྱེད་ཐབས་དོན་འཁྱོལ་བྱས་པའི་གནས་ཚུལ་ལ་ཞིབ་བཤེར་བྱས།

ཁྲིམས་འཛིན་མི་སྣས་གཙོ་བོ་སྨན་རྫས་ཚོང་ཁང་དང་། གྱོན་ཆས་ཚོང་ཁང་། མགྱོགས་ཟས་ཚོང་ཁང་། འོ་ཇ་ཚོང་ཁང་སོགས་མི་སྣ་འདུས་ཚད་ཅུང་ཆེ་བའི་ས་ཆར་ཞིབ་བཤེར་བྱས་ཤིང་། ཚོང་གཉེར་ཁང11གི་རིམས་ནད་འགོག་སྲུང་བྱེད་ཐབས་དོན་ཐོག་ཏུ་འཁྱོལ་མེད་པར། ལུས་དྲོད་མི་འཇལ་བ་དང་ཐོ་འགོད་མི་བྱེད་པ། མཛད་སྤྱོད་པས་ཁ་ཐུམ་བརྒྱབ་མེད་པ།  སྒོ་ཁར་མི་མང་འཛོམས་པ།  ཟ་ཁང་ནང་དུ་འགྲོན་པོ་འདུ་འཛོམས་བྱེད་པ་སོགས་ཀྱི་གནས་ཚུལ་ཡོད་པ་ཤེས་རྟོགས་བྱུང་རྗེས། གོང་གསལ་གྱི་་ཚོང་གཉེར་ཁང11ལ་དུས་ཐོག་ཏུ་ལས་མཚམས་འཇོག་ཏུ་བཅུག་པ་དང་།  《དག་ཐེར་བརྡ་ཐོ》བཀྲམས་ནས་གཏན་འཁེལ་དུས་ཚོད་ནང་ནོར་འཁྲུལ་ཡོ་བསྲང་བྱས་ཏེ་རིམས་ནད་འགོག་སྲུང་གི་བྱེད་ཐབས་དོན་འཁྱོལ་ནན་མོ་བྱས་རྗེས།  བསྐྱར་དུ་ལས་འགོ་སླར་གསོ་བྱ་རྒྱུར་རེ་ཞུ་དགོས་པའི་བླང་བྱ་བཏོན།

ཐེངས་འདིར་ཞིབ་བཤེར་བྱས་པ་བརྒྱུད།  ཚོང་གཉེར་ཁང་གིས་རིམས་ནད་འགོག་སྲུང་གི་དུས་སྐབས་ནང་།  ལས་སྒོ་སླར་གསོའི་ལས་དོན་སྔར་བས་གཏིང་ཟབ་དང་གོ་རིམ་ལྡན་པའི་ངང་སྤེལ་བར་སྐུལ་འདེད་ཀྱི་ནུས་པ་བཟང་པོ་ཐོན།