2019ལོའི་རྨ་ལྷོ་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་100ཡི་འགག་སྒོ་ཆེ་མོ་ལས་བརྒལ།
2020.03.06 ཁུངས། ཀློག་གྲངས། 8

གངས་ལྗོངས་མེ་ལོང་དྲ་བའི་འཕྲིན། 2019ལོར་རྨ་ལྷོ་ཁུལ་གྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་མི་དམངས་སྲིད་གཞུང་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ནས། བརྟན་འཇགས་ངང་འཕེལ་རྒྱས་འགྲོ་བའི་རྩ་བའི་དགོངས་དོན་མཐའ་འཁྱོངས་བྱས་པ་དང་། “སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”དང“ཁུལ་གསུམ་འཛུགས་སྐྲུན”བྱ་བ་དམ་དུ་བཟུང་སྟེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས“བརྟན་པོའི”རྨང་གཞི་སྲ་བརྟན་དང“མདུན་སྐྱོད”ཀྱི་གནས་བབ་རྒྱུན་མཐུད་ཡོང་བར་འབད་བརྩོན་ལྷོད་མེད་བྱས་པ་རེད། མཚོ་སྔོན་ཞིང་ཆེན་སྡོམ་རྩིས་ཅུའུ་ཡིས་ཞིབ་བཤེར་གཏན་འཁེལ་བྱས་པ་བརྒྱུད་རྨ་ལྷོ་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར100ཡི་འགག་སྒོ་ཆེན་པོ་ལས་ཐོག་མར་བརྒལ་བ་དང་ལོ་གོང་མ་ལས་7.7%འཕར་ཡོད། དེའི་ནང་ཐོན་ལས་དང་པོ4.5%འཕར་བ་དང་ཐོན་ལས་གཉིས་པ9.7%འཕར། ཐོན་ལས་གསུམ་པ8.2%འཕར་བ་རེད། དེས་རང་རེའི་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་རྒྱུན་ཆད་མེད་པར་མཐུན་སྦྱོར་དང་མགྱོགས་མྱུར་ངང་འཕེལ་རྒྱས་སུ་ཕྱིན་པ་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཚད་བརྟན་པོའི་ངང་མཐོ་རུ་ཕྱིན་པ་མཚོན་ཡོད་ལ་རང་རེའི་ཁུལ་གྱི་ཕྱོགས་བསྡུས་དཔལ་འབྱོར་སྟོབས་ཤུགས་སྐས་རིམ་གསར་པ་ཞིག་ཏུ་སླེབས་པའང་མཚོན་ཡོད།