གངས་ལྗོངས་མེ་ལོང་དྲ་བའི་འཕྲིན། ལི་ཏུའུ་ས་ཁུལ་གྱིས“སྟོབས་ཤུགས་གཅིག་ཏུ་སྒྲིལ་བ་དང་། དབུལ་ཐར་ཇེ་བརྟན་དུ་གཏོང་བ། འབྱོར་འབྲིང་བསུ་བ། རིམས་ནད་འགོག་སྲུང”ཞེས་པའི་བྱ་འགུལ་གྱི་སྐུལ་སློང་བརྙན་ལམ་ཚོགས་འདུ་འཚོགས་རྗེས། ཉན་པོ་གྲོང་རྡལ་ཏང་ཨུ་ཡིས་དོན་དངོས་ལ་གཞིགས་ཏེ་དུས་ཐོག་ཏུ་བཀོད་སྒྲིག་ཞིབ་ཚགས་བྱས་ནས་རིམས་ནད་འགོག་སྲུང་གི་བྱ་འགུལ་སྤེལ་བ་རེད།
ཉན་པོ་གྲོང་རྡལ་གྱིས་དོན་དངོས་དང་ཟུང་འབྲེལ་སྒོས《2020ལོར་ཉན་པོ་གྲོང་རྡལ་གྱི་ལས་བྱེད་པ་གཞི་རིམ་དུ་བསྐྱོད་དེ“སྟོབས་ཤུགས་གཅིག་ཏུ་སྒྲིལ་བ་དང་། དབུལ་ཐར་ཇེ་བརྟན་དུ་གཏོང་བ། འབྱོར་འབྲིང་བསུ་བ། རིམས་ནད་འགོག་སྲུང”གི་བྱ་འགུལ་སྤེལ་རྒྱུའི་ལག་བསྟར་ཇུས་གཞི》བཟོས་ནས“ཞིང་གསུམ”ལས་དོན་ལེགས་པོར་བསྒྲུབས་པ་དང་། མི་སྣ་བཀོད་སྒྲིག་བྱས་ཏེ་ཁྱོན་ཡོངས་ལ་ཁྱབ་བརྡལ་དུ་གཏོང་བར་འགན་ལེན་ཁག་ཐེག་བྱས་པ་རེད། ཉན་པོ་གྲོང་རྡལ་གྱིས་གོང་རིམ་སྡེ་ཁག་གི་བཀོད་སྒྲིག་གཞིར་བཟུང་། ཉིན40ཡི་རིང་ལ་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་དགོངས་དོན་ཁྱིམ་ཚང་ཁྲི་སྟོང་མང་པོར་དྲིལ་སྒྲོག་བྱ་རྒྱུ་ཡིན་པ་དང་།
ལས་བྱེད་པ58དང་ས་ཁུལ་ཏང་ཨུའི་སྡེ་ཁག་གིས་བཀོད་སྒྲིག་བྱས་པའི་ལས་བྱེད་པ33གྲོང་ཚོ42ལ་སྒྲོག་འགྲེལ་བྱེད་པར་གཏོང་རྒྱུ་རེད།
སྒྲོག་འགྲེལ་བྱེད་པའི་དུས་ཡུན་ཁྲོད་གྲོང་ཚོའི་ལས་བྱེད་པས་རང་སོ་སོའི་ཆེད་ལས་ཀྱི་ཁྱད་ཆོས་འདོན་སྤེལ་བྱས་ཏེ་དྲིལ་སྒྲོག་དང་ཞབས་ཞུ་ཟུང་འབྲེལ་སྒོས། ཞིང་ཕན་སྲིད་ཇུས་ལག་བསྟར་དོན་འཁྱོལ་དང་ཡིག་ཆའི་དགོངས་དོན་ཁྱབ་བརྡལ་གང་ལེགས་གནང་སྟེ་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་དགོངས་དོན་ལ་སློབ་སྦྱོང་ཡག་པོ་བྱེད་དགོས་པའི་སྐུལ་མ་གཏོང་རྒྱུ་རེད།
གཅིག ཉན་པོ་གྲོང་རྡལ་གྱིས་རིམས་ནད་འགོག་སྲུང་གི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱེད་པ་དང་། གཙོ་གནད་ས་ཁོངས་བཅས་ལ་དམིགས་ཏེ་ཕྱི་ནས་ཡོང་བའི་མི་སྣའི་གྲལ་བཤེར་ཐོ་འགོད་དང་ལོགས་བཀར་བྱེད་པའི་ལས་དོན་ལ་སྔར་བས་ཤུགས་སྣོན་གཏོང་རྒྱུ་རེད།
གཉིས། ཉན་པོ་གྲོང་རྡལ་གྱིས་དབུལ་ཐར་འགག་སྒྲོལ་གྱི་ལས་དོན་གཏིང་ཟབ་ངང་སྤེལ་ནས་ཀའོ་ཅ་གྲོང་ཚོ་དང་པ་ལི་ཆའོ་གྲོང་ཚོ། དེ་བཞིན་གྲོང་རྡལ་ཡོངས་ཀྱི་དུད་ཁྱིམ་དབུལ་བོར་བཅར་འདྲི་བྱས་ཏེ་དབུལ་ཐར་གྱི་ཚད་གཞི་གཞིར་བཟུང་མི་འདང་ས་འཚོལ་བ་དང་། གནད་དོན་འཚོལ་བ། མི་འདང་སར་ཁ་གསབ་བྱས་ཏེ་དབུལ་ཐར་གྱི་རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་། རྒྱལ་ཁབ་དང་ཞིང་ཆེན། གྲོང་ཁྱེར་བཅས་ཀྱི་དབུལ་ཐར་འགག་སྒྲོལ་གྱི་ཕན་འབྲས་དཔྱད་ཞིབ་སོགས་ཀྱི་ཚུར་ལན་གནད་དོན་ལ་དམིགས་ནས། ཕྱོགས་གསུམ་པའི་དཔྱད་དཔོག་གི་གྲ་སྒྲིག་ལས་དོན་ཁག་ཏན་ཏིག་ངང་བསྒྲུབས་ཏེ་ཕྱོགས་གསུམ་པའི་དཔྱད་དཔོག་བདེ་བླག་ཡོང་བར་འགན་ལེན་ཁག་ཐེག་བྱ་རྒྱུ།
གསུམ། ཉན་པོ་གྲོང་རྡལ་གྱིས་སྡོད་གནས་ཁོར་ཡུག་བཅོས་སྒྲིག་གི་ལས་དོན་ལ་སྐུལ་འདེད་བཏང་ནས་་གྲོང་གསེབ་ཀྱི་གད་སྙིགས་དང་བཙོག་ཆུ། “གསང་སྤྱོད་ཁང་བཅོས་སྒྱུར”བྱེད་པ་བཅས་བྱས་ཏེ་ལྗང་མདོག་གི་གྲོང་ཚོ་ཞིག་ཏུ་བསྒྱུར་བར་ཧུར་ཐག་བྱ་རྒྱུ།
བཞི། ཉན་པོ་གྲོང་རྡལ་གྱི་ལས་བྱེད་པ་ཚོ་གྲོང་དང་སྡེ་ཁུལ་དུ་བསྐྱོད་ནས་འགལ་ཟླ་དང་རྩོད་གཞི་གྱུར་བའི་ལས་དོན་མཐའ་དག་འདུམ་འགྲིག་བྱས་ཏེ་སྤྱི་ཚོགས་བརྟན་བརླིང་གི་ཕྱོགས་ལ་ནུས་པ་གང་ལེགས་འདོན་པ།