ཐེན་ཅིན་ཁྲིན་གྱིས་མཚོ་ལྷོ་ཁུལ་གྱི་ལས་གཞི་གཙོ་བོ་ལས་འགོ་བརྩམས་པ་དང་ཁེ་ལས་ཀྱི་ཐོན་སྐྱེད་སླར་གསོ་བྱས་པའི་བྱ་བར་རྟོག་ཞིབ་དང་ལྟ་སྐུལ་མཛུབ་སྟོན་བྱས།
2020.03.11 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 29

ཟླ་གསུམ་པའི་ཚེས་དགུ་དང་ཚེས་བཅུ་ཉིན་གཉིས་ལ། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཐེན་ཅིན་ཁྲིན་གྱིས་ལྟ་སྐུལ་མཛུབ་སྟོན་ཚན་ཁག་དྲུག་པ་ཁྲིད་དེ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ལ་སོང་ནས་ལས་གཞི་གཙོ་བོ་ལས་འགོ་བརྩམས་པ་དང་ཁེ་ལས་ཀྱི་ཐོན་སྐྱེད་སླར་གསོ་བྱས་པའི་བྱ་བར་རྟོག་ཞིབ་དང་ལྟ་སྐུལ་མཛུབ་སྟོན་བྱས། ཐེན་ཅིན་ཁྲིན་གྱིས་བསྟན་དོན། བློ་ཐག་རྦད་ཆོད་སྒོས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་བྱས་ཏེ། ཁུལ་དང་རིམ་པ་བཀར་ནས་ཁྱད་པར་ཅན་གྱི་འགོག་སྲུང་བྱེད་ཐབས་དངོས་འབེབས་བཟང་བོ་བྱེད་པ་དང་། ལས་གཞི་གཙོ་བོ་ལས་འགོ་རྩོམ་པ་དང་ཁེ་ལས་ཀྱི་ཐོན་སྐྱེད་སླར་གསོ་བྱེད་པར་སྐུལ་འདེད་བྱེད་དགོས་པར་མ་ཟད། རིམས་ནད་འགོག་བཅོས་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བྱ་བ་སྣ་ཚོགས་ལ་གཅིག་གྱུར་སྒོས་འཆར་འགོད་དང་དམ་འཛིན་བྱེད་དགོས་ཟེར།

ཐེན་ཅིན་ཁྲིན་སོགས་སྔ་གཞུག་ཏུ་ཁྲི་ཀ་རྫོང་དང་ཐུན་ཏེ་རྫོང་། ཀོས་ནན་རྫོང་། གུང་ཧོ་རྫོང་བཅས་ཀྱི་ཐོན་ལས་ས་ཁུལ་དང་ཁེ་ལས་དང་ལས་གཞི་གཙོ་བོའི་ཡུལ་དངོས་ལ་སོང་ནས་རིམས་ནད་འགོག་སྲུང་བྱེད་ཐབས་དངོས་འབེབས་བྱེད་པ་དང་ཐོན་སྐྱེད་སླར་གསོ་བྱེད་པའི་གནས་ཚུལ་ལ་ལྟ་སྐུལ་མཛུབ་སྟོན་བྱས་ཤིང་། མི་སྣ་ཕྱིར་ལས་གནས་སུ་ལོག་པ་དང་ལས་གཞི་ལག་བསྟར་བྱས་པ། ཐོན་སྐྱེད་བདག་གཉེར་བརྟན་འཇགས་དང་དངོས་རྫས་མཁོ་འདོན་བྱས་པའི་གནས་ཚུལ་ལ་རྒྱུས་ལོན་ཟབ་མོ་བྱས། ཐེན་ཅིན་ཁྲིན་གྱིས་བསྟན་དོན། ཚང་མས་ཡིད་ཆེས་ཆེར་བསྐྱེད་དང་དཀའ་ཁག་ཁྱད་དུ་སེལ་ཏེ་རིམས་ནད་འགོག་སྲུང་འགན་འཁྲི་དངོས་འབེབས་བཟང་བོ་བྱེད་པ་དང་མཉམ་དུ་ལས་ཀ་དང་ཐོན་སྐྱེད་མྱུར་དུ་སླར་གསོ་བྱས་ནས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་བརྟན་བརླིང་སྒོས་འཕེལ་རྒྱས་སུ་འགྲོ་བར་བྱས་རྗེས་འཇོག་དགོས་ཟེར།