མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཏང་ཙུའུ་གྲོས་ཚོགས་བསྡུས།
2020.03.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 11

ཟླ3པའི་ཚེས20ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ལིའུ་ཉིང་གིས་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཚོགས་འདུར་འགོ་འཛིན་བྱས་ནས་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་དང་ཀྲུང་དབྱང་གིས་ཏོག་གསར་གློ་ཚད་རིམས་ཟློག་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཏེ་ལག་བསྟར་དོན་འཁྱོལ་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས།

ཚོགས་ཐོག་ནས་བསྟན་དོན། རྒྱལ་ཡོངས་ཀྱི་རིམས་ནད་འགོག་སྡོམ་གྱི་དུས་བབ་རྒྱུན་མཐུད་ངང་ཇེ་ལེགས་སུ་ཕྱིན་པ་དང་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་མགྱོགས་མྱུར་ངང་སླར་གསོ་བྱུང་བའི་འགག་རྩའི་དུས་སྐབས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུར་འགོ་འཛིན་བྱས་ནས་རྒྱལ་ཁབ་ཕྱི་ནང་གི་ཏོག་གསར་གློ་ཚད་རིམས་ནད་འགོག་སྡོམ་དང་དཔལ་འབྱོར་དུས་བབ་ལ་དབྱེ་ཞིབ་བྱས་པ་དང་། རིམས་ནད་འགོག་སྡོམ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གཙོ་གནད་ལས་དོན་ལ་སྤྱི་འདོམས་དམ་འཛིན་བྱས་ཏེ་ང་ཚོས་གོ་རིམ་རྗེས་མའི་བྱ་བ་དམ་འཛིན་ཡག་པོ་བྱ་རྒྱུར་རྩ་བའི་གཞི་འཛིན་ས་མཁོ་འདོན་དང་ཡིད་ཆེས་དང་ཆོད་སེམས་བསྣན་ཡོད། དེར་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་ཀྲུང་དབྱང་རིམས་ཟློག་བྱ་བའི་མགོ་ཁྲིད་ཚན་ཆུང་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ལས་ཀའི་བཀོད་སྒྲིག་གཞིར་བཟུང་ཞིང་དུས་བབ་དང་བསྟུན་ནས་ལས་ཀའི་ཤུགས་རྒྱག་ས་དང་ཁ་གཏད་གཅོག་ཐབས་ལེགས་སྒྲིག་བྱས་ཏེ་རིམས་ནད་འགོག་སྡོམ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་སྐུལ་འདེད་གཏོང་དགོས།

ཚོགས་འདུའི་སྟེང་ནན་གྱིས་བསྟན་དོན། དུས་བབ་ལ་ངོས་འཛིན་གསལ་པོ་བྱེད་པ་དང་འགྲན་སློང་ལ་ཁ་གཏད་ཧུར་ཐག་གཅོག་པ། ཞིང་ཆེན་ཡོངས་ཀྱི་རིམས་ནད་འགོག་སྡོམ་ལས་དོན་ལ་གྲུབ་འབྲས་ཐོབ་པར་ཁས་ལེན་གང་ལེགས་བྱེད་པ་དང་ཆབས་ཅིག་རྒྱལ་ཁབ་ཕྱི་ནང་གི་རིམས་ནད་དུས་བབ་ཀྱི་རྙོག་འཛིང་རང་བཞིན་དང་ཛ་དྲག་རང་བཞིན་གསལ་བོར་མཐོང་ཐུབ་པར་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་རིམས་ནད་འགོག་སྡོམ་དང་དཔལ་འབྱོར་དུས་བབ་ཀྱི་དུས་མཚམས་རང་བཞིན་གྱི་འགྱུར་ལྡོག་ཡང་དག་པར་ཁོང་དུ་ཆུད་པར་བྱེད་པ། ལྷག་པར་དུ་རྒྱལ་སྤྱིའི་རིམས་ནད་མགྱོགས་མྱུར་ངང་མཆེད་པ་ལས་བྱུང་བའི་ཉེན་ཁ་ཆེ་རུ་འགྲོ་བ་མཐོང་བ་བཅས་བྱས་ཏེ་དམ་འཛིན་ལྷོད་མེད་དང་།  དམ་འཛིན་ཞིབ་ཚགས། ཚོད་འཛིན་བཅས་ཀྱི་ལས་དོན་ཁག་ལ་ལྷོད་གཡེང་སྤུ་ཙམ་ཡང་མི་གཏོང་བར་ཐོབ་དཀའ་བའི་རིམས་ནད་འགོག་སྡོམ་གྱི་དུས་བབ་བཟང་པོ་རྒྱུན་མཐུད་ངང་ཇེ་སྡུག་ཏུ་གཏན་ནས་གཏོང་མི་རུང་། ཀྲུང་དབྱང་གི་རྒྱུན་ལྡན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་ཁྱོན་ཡོངས་ནས་སླར་གསོ་བྱེད་པའི་བླང་བྱ་དོན་འཁྱོལ་ཡག་པོ་བྱེད་པ་དང་། ཉེན་ཁ་ཆུང་བའི་ས་ཁུལ་གྱི་མཚོ་སྔོན་དུ་ཡོང་བའི་མི་སྣ་དང་དངོས་ཟོག་འཁོར་རྒྱུག་གི་བདེ་ཐང་དཔང་ཡིག་ཕན་ཚུན་ཁས་ལེན་བྱེད་པ་ལས་འགོག་རྐྱེན་མི་བཟོ་བ་དང་། མི་སྣ་ལོགས་སུ་འགར་མི་ཆོག ལས་ཀ་སླར་གསོ་དང་ཐོན་སྐྱེད་བསྐྱར་གསོའི་ལས་ཆོད་ཆེ་རུ་གཏོང་བ་དང་། ཁེ་ལས་ཀྱི་ལས་མི་བཀོལ་སྤྱོད་དང་། མ་དངུལ། རྒྱུ་ཆ་དང་རྒྱུ་ཆས་མཁོ་སྤྲོད་སོགས་ཀྱི་དགོས་མཁོ་ཐག་གཅོད་བྱ་རྒྱུར་དམིགས་ཏེ་དམིགས་ས་ཡོད་པའི་སྒོ་ནས་གནད་ཕིགས་ཇུས་འདོན་དང་། “འགག་ས་”ཤར་གཏོང་། “ཆད་ས་”གསབ་པ་བཅས་བྱེད་དགོས། དུས་རིམ་སྔོན་མར་མཐོ་འབྲིང་དང་དམའ་འབྲིང་གི་སློབ་འགོ་ཚུགས་པའི་རྨང་གཞིའི་སྟེང་གོམ་པ་བརྟན་ཞིང་གོ་རིམ་ལྡན་པའི་སྒོ་ནས་སློབ་ཆུང་དང་མཐོ་རིམ་སློབ་གྲྭ་ཆེན་མོ་སློབ་འགོ་རྩོམ་པར་སྐུལ་འདེད་གཏོང་དགོས། ཡོད་ཚད་དོན་དངོས་ལ་གཞིགས་རྒྱུ་མཐའ་འཁྱོངས་ཀྱིས་ཕྱོགས་སྡོམ་གསེད་བཀྲོལ་ཡག་པོ་བྱེད་པ་དང་། གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ། སྲིད་ཇུས་དང་བྱ་ཐབས་ཇེ་ལེགས་སུ་གཏོང་བ། འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ། སྔོན་འགོག་ཚོད་འཛིན་ལ་མཐོང་ཆེན་བྱེད་པར་ལྷོད་གཡེང་མི་གཏོང་བ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་སླར་ཡང་ཤུགས་སྣོན་པ་བཅས་བྱས་ཏེ་རང་འགན་རང་སྲུང་དང་། རང་འགན་རང་འཁུར། རང་འགན་གཙང་སྒྲུབ་བཅས་བྱེད་དགོས།

ཏང་ཙུའུ་ཁོངས་མི་ཡན་ཅིན་ཧེ་དང་ཝང་ཀྲིན་ཧྲིན། ཐེན་ཅིན་ཁྲིན། ཀྲང་ལིས། ལིག་ཐའོ། ཀྲང་ཧོང་ཡོན་བཅས་ཚོགས་འདུར་ཞུགས་པ་དང་། ཧྲིན་ཀྲང་གཞོན་པ་ཁོང་ཡུང་ཚོགས་འདུར་ཟུར་ཞུགས་བྱས།

ཡིག་སྒྱུར་བ། ཤ་བོ་གསེར་མཚོ།