ཝང་ཅན་ཅུན་གྱིས་ཟི་ལིང་གྲོང་ཁྱེར་གྱི་ལས་གཞི་གཙོ་བོ་འཛུགས་སྐྲུན་དང་ལས་ཐོན་སླར་གསོ་སོགས་གནས་ཚུལ་ལ་རྟོག་ཞིབ་བྱས།
2020.03.24 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 5

ཟླ་གསུམ་པའི་ཚེས་ཉེར་གསུམ་ཉིན་གྱི་ཕྱི་དྲོ། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་གྱིས་ཟི་ལིང་གྲོང་ཁྱེར་གྱི་ལས་གཞི་གཙོ་བོ་འཛུགས་སྐྲུན་དང་ལས་ཐོན་སླར་གསོ་སོགས་གནས་ཚུལ་ལ་རྟོག་ཞིབ་བྱས། ཁོས་ནན་གྱིས་བསྟན་དོན། བསམ་བློ་དང་འགུལ་སྐྱོད་གཉིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་དང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་བྱེད་པ་དང་། ལས་གཞི་གཙོ་བོ་འཛུགས་སྐྲུན་བྱེད་པར་དམ་འཛིན་བྱེད་པ། གྲོང་ཁྱེར་གྱི་སྤུས་ཚད་མཐོར་འདེགས་གཏོང་བ། གྲོང་ཁྱེར་གྱི་རྩོལ་ནུས་ལེགས་བསྒྱུར་བྱས་ནས། འཚོ་བའི་གྲོང་ཁྱེར་དང་བདེ་སྐྱིད་གྲོང་ཁྱེར་གྱི་རྨང་གཞི་སྔར་ལས་བརྟན་པོ་འདིང་དགོས་ཟེར།

དུས་རབས་ལམ་ཆེན་དང་མཚོ་སྔོན་རྒྱལ་སྤྱིའི་འགྲེམ་སྟོན་ལྟེ་གནས་ལས་གཞི་འཛུགས་སྐྲུན་ཡུལ་དངོས་སུ། ཝང་ཅན་ཅུན་གྱིས་གནས་ཚུལ་ངོ་སྤྲོད་ལ་ཉན་པ་དང་། ལས་གཞི་འཛུགས་སྐྲུན་གནས་ཚུལ་ལ་ལྟ་ཞིབ་བྱས་པ་མ་ཟད། ཞིང་ཆེན་དང་གྲོང་ཁྱེར་གཉིས་ཀྱིས་མཉམ་དུ་བདེ་བགྲོད་ཟི་ལིང་དང་ལྗང་མདོག་འགྲིམ་འགྲུལ་འཛུགས་སྐྲུན་བྱས་ཏེ། དུས་རབས་ལམ་ཆེན་གྱིས་ཟི་ལིང་བཅོས་བསྒྱུར་འཕེལ་རྒྱས་སུ་གཏོང་བའི་དུས་རབས་ཀྱི་སྣང་བརྙན་མངོན་པར་བྱེད་པ་དང་། ལམ་ཆེན་སྟེང་བསྐྱོད་པའི་མི་ཚང་མར་ཕུགས་བསམ་ཡོད་པར་བྱེད་དགོས། འགོ་ཁུངས་རིག་གནས་དང་ཁྱད་ཆོས་ལ་རྐང་འཛུགས་པ་དང་། དེང་རབས་སྒོ་འབྱེད་རྒྱུ་རྐྱེན་གཙོ་བོ་མངོན་པར་བྱས་ནས། རྒྱལ་སྤྱིའི་འགྲེམ་སྟོན་ལྟེ་གནས་དེ་སྤུས་ལེགས་དཔེ་སྟོན་བཟོ་སྐྲུན་དུ་འཛུགས་སྐྲུན་བྱེད་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཁོངས་གཏོགས་ས་ཁུལ་གྱི་འགན་འཁྲི་དང་ཁེ་ལས་ཀྱི་གཙོ་གཞི་འགན་འཁྲི་ལག་བསྟར་བཟང་བོ་བྱས་ཏེ། ལས་བཟོ་བའི་བདེ་འཇགས་དང་ཐོན་སྐྱེད་བདེ་འཇགས་ལ་ཁག་ཐེག་བྱེད་དགོས་པའི་རེ་བ་བཏོན།

ཝང་ཅན་ཅུན་གྱིས་ད་དུང་ཟི་ལིང་གྲོང་ཁྱེར་སྡོད་དམངས་ལྟེ་གནས་དང་གྲོང་ཁྱེར་འཁོར་རྒྱུག་དོ་དམ་བཀོད་འདོམས་ལྟེ་གནས། ཟི་ལིང་ལུས་རྩལ་ལྟེ་གནས་བཅས་ལ་རྟོག་ཞིབ་བྱས།

ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། གྲོང་ཁྱེར་མིས་འཛུགས་སྐྲུན་བྱེད་པ་དང་མི་ལ་བརྟེན་ནས་འཕེལ་རྒྱས་སུ་གཏོང་དགོས་ལ། མིས་མཛེས་སྡུག་གི་འཚོ་བ་བརྩོན་ལེན་བྱེད་པའི་དམིགས་འབེན་ས་ཆ་ཡིན། མི་དམངས་གཙོར་འཛིན་པ་རྒྱུན་འཁྱོངས་བྱེད་པ་དང་། མཐོར་འཛེག་རྒྱང་ལྟ་བྱེད་པ། དུས་རབས་ཀྱི་འདུ་ཤེས་དང་མིག་རྒྱ་ཆེན་པོར་བརྟེན་ནས་གྲོང་ཁྱེར་གྱི་འཕེལ་རྒྱས་ལ་ལྟ་སྟངས་འཛིན་པ་དང་། མཛེས་སྡུག་འཚོ་བའི་འདྲེན་བྱེད་དེ་གྲོང་ཁྱེར་དང་མཐུན་པའི་གོ་དོན་བསྩལ་བ། མཛེས་ལྗོངས་གྲོང་ཁྱེར་འཛུགས་སྐྲུན་བྱེད་པ་ནས་རྩོལ་ནུས་གྲོང་ཁྱེར་འཛུགས་སྐྲུན་བྱེད་པར་བསྒྱུར་བ། གྲོང་ཁྱེར་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཚད་དང་སྤྱི་ཚོགས་རིག་གནས་སྤུས་ཚད། སྐྱེ་ཁམས་ཁོར་ཡུག་སྤུས་ཚད། སྤྱི་ཐུན་ཞབས་ཞུའི་སྤུས་ཚད། སྡོད་དམངས་འཚོ་བའི་སྤུས་ཚད་མཐོར་འདེགས་བཏང་སྟེ། སྤུས་ཚད་མཐོན་པོས་ལས་སྐྲུན་གྲོང་ཁྱེར་དང་འཆམ་མཐུན་གྲོང་ཁྱེར། སྤྱི་གླིང་གྲོང་ཁྱེར། འཚོ་བའི་གྲོང་ཁྱེར་། བདེ་སྐྱིད་གྲོང་ཁྱེར་འཛུགས་སྐྲུན་བྱེད་དགོས། འཕེལ་རྒྱས་གསར་བའི་འདུ་ཤེས་རྒྱུན་འཁྱོངས་བྱེད་པ་དང་། ཐོན་སྐྱེད་འཚོ་བའི་སྐྱེ་ཁམས་བར་སྟོང་ནང་ཁུལ་གྱི་འབྲེལ་འདྲིས་ཁོང་དུ་ཆུད་པར་བྱེད་པ། ཐོན་སྐྱེད་འཚོ་བའི་སྐྱེ་ཁམས་བར་སྟོང་མཉམ་བསྲེས་སྒོས་འཕེལ་རྒྱས་སུ་བཏང་ནས། ཐོན་ལས་སྤུས་ཚད་སྔར་ལས་མཐོ་བའི་སྒོ་ནས་འཚར་ལོངས་བྱུང་བ་དང་། གྲོང་ཁྱེར་གྱི་སྤུས་ཚད་སྔར་ལས་མཐོར་འདེགས་གཏོང་བ། སྡོད་དམངས་ཀྱིས་སྤུས་ཚད་མཐོ་བའི་འཚོ་བར་རོལ་ཐུབ་པར་བྱེད་པ་དང་། ཐོན་ལས་དང་གྲོང་ཁྱེར། མི་གསུམ་འཆམ་མཐུན་མཉམ་གནས་ཀྱི་རྣམ་པ་གསར་བ་གྲུབ་པར་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་སྣང་། བདེ་སྣང་རྒྱུན་མ་ཆད་པར་མཐོར་འདེགས་གཏོང་དགོས་ཟེར།

ཝང་ཞོ་དང་ཡུས་ཚོང་ལི་གཉིས་རྟོག་ཞིབ་ལ་ཞུགས།

རིན་ཆེན་མཚོས་བསྒྱུར།