རྨ་ལྷོ་ཡིས་ཐབས་མང་མཉམ་སྤྱོད་ཀྱིས་ཕྱུགས་ལས་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་།
2020.04.06 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 22

ཕྱུགས་ལས་ཐོན་ལས་ནི་རྨ་ལྷོ་ཡི་འདེགས་སྐྱོར་ཐོན་ལས་ཡིན་པ་དང་། ཉེ་བའི་ལོ་འགའི་རིང་ལ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་ཧི་ནན་རྫོང་དང་རྩེ་ཁོག་རྫོང་གཙོར་བཟུང་ནས། ཐུན་རིན་དང་གཅན་ཚ་རྫོང་གཉིས་ཞིང་ཆེན་རིམ་པའི་སྐྱེ་ཁམས་སྐྱེ་ལྡན་ཕྱུགས་ལས་དཔེ་སྟོན་ཁུལ་འཛུགས་སྐྲུན་ལ་སྣེ་ཁྲིད་བྱས་པས། རྩྭ་སའི་སྐྱེ་ཁམས་ཁོར་ཡུག་མངོན་གསལ་སྒོས་ཇེ་ལེགས་སུ་སོང་བ་དང་། ཕྱུགས་ལས་ཐོན་ལས་འཕེལ་རྒྱས་འཁོར་སྐྱོད་བཟང་བོའི་ལམ་བུ་ཞུགས།

ར་བའི་ཁུལ་འཛུགས་སྐྲུན་ཕྱོགས་ནས། ཧི་ནན་རྫོང་གིས་ཨེ་ཤ་ཡ་རང་བྱུང་རྩྭ་རར་རྒྱབ་རྟེན་ནས། སྐྱེ་ལྡན་ཕྱུགས་ལས་ལས་སྣོན་ར་བ་དང་ཚན་རྩལ་དཔེ་སྟོན་ར་བ་འཛུགས་སྐྲུན་བྱས་པ་དང་། རྒྱུད་བཟང་གསོ་སྤེལ་ཐད་ནས་སྤུས་འདེགས་རིམ་སྤོར་མངོན་འགྱུར་བྱས་ལ། རྩེ་ཁོག་རྫོང་གིས་རྒྱལ་ཡོངས་ཀྱི་ནོར་གནག་བོད་ལུག་གཙོ་ཁྲིད་ཐོན་ལས་སུ་བྱས་པའི་རྒྱལ་ཁབ་དེང་རབས་ཞིང་ལས་ཐོན་ལས་ར་བ་འཛུགས་སྐྲུན་བྱས།

ཐོན་ལས་འཕེལ་རྒྱས་སུ་གཏོང་བའི་ཕྱོགས་ནས། ཤོ་དོའི་ནོར་གནག་སོགས་རྒྱལ་ཁབ་སྒོ་ཕྱུགས་དང་ཁྱིམ་བྱའི་རྒྱུད་འཛིན་ཐོན་ཁུངས་མིང་ཐོ་ཁྲོད་བཞག་སྟེ། ཀྲུང་གོའི་བོད་ལུག་ས་ཆ་དང་འཛམ་གླིང་གི་ནོར་གནག་རྟེན་གཞིའི་ཁུལ་ཁོངས་ཚོང་རྟགས་ཅན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་བ་དང་། ཕྱུགས་ལས་འཕེལ་རྒྱས་སུ་གཏོང་བའི་མ་དཔེ་ཁྲོད་སྲོལ་རྒྱུན་ཕྱུགས་ལས་ཐོན་ལས་གཉིས་པ་དང་གསུམ་པ་རུ་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་།

དེ་ལས་གཞན། གློག་རྡུལ་ཚོང་དོན་དང་དངོས་ཕུང་དངོས་ཟོག་ཟུང་འབྲེལ་བྱས་པའི་དངོས་ཟོག་སྐྱེལ་འདྲེན་མ་ལག་འཛུགས་སྐྲུན་བྱས་པ་བརྒྱུད་དེ། སྐྱེ་ལྡན་ནོར་ལུག་ཤ་དང་འོ་བཟོས་ཐོན་རྫས། ལག་བཟོའི་ཐོན་རྫས་སོགས་སྤུས་ལེགས་ཐོན་རྫས་སྐོར་ཞིག་ཅིན་ཏུང་དང་ཨ་ལེ་པཱ་པཱ་སོགས་དྲ་ཚིགས་སྟེང་ཐད་འཚོང་བྱས་པ་དང་། ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་སྐོར་ཞིག་ཀྲུང་གོ་རྡོ་སྣུམ་རྫས་འགྱུར་སྣུམ་སྣོན་ས་ཚིགས་ཀྱི་ཚོང་ཁང་ནང་བཞག་པ་དང་། ཞིང་ཆེན་ཕྱི་ནང་དུ་ཁྱད་ལྡན་ཕྱུགས་ལས་ཐོན་རྫས་ཚོང་གཉེར་སྒེའུ་ཁུང་དང་ཐད་འཚོང་ཚོང་ཁང་བརྒྱ་དང་ཉེར་བདུན་བཙུགས་ནས། ཞིང་ལས་དང་ཚོང་ལས་སྦྲེལ་མཐུད་འཕེལ་རྒྱས་ཀྱི་ཚད་ཇེ་མགྱོགས་སུ་བཏང་བ་དང་རྣམ་པ་ཇེ་བཟང་དུ་བཏང་བ་དང་། ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་སྐོར་ཞིག་གི་ཕྱིར་འཚོང་ལམ་བུ་ཕྱེ།

མིག་སྔའི་བར་དུ། ཁུལ་ཡོངས་སུ་ཞིང་ལས་ཐད་ཀྱི་ཁེ་ལས་གཙོ་བོ་བཅུ་དགུ་ལ་སླེབས་པ་དང་། བརྒྱ་ཆའི་བརྒྱད་ཅུའི་སྐྱེ་ཁམས་སྐྱེ་ལྡན་ཕྱུགས་ལས་མཉམ་ལས་ཁང་གིས་གསོ་སྤེལ་ལས་སྣོན་དང་སྐྱེལ་འདྲེན། བཟའ་བཏུང་། སྡོད་ཁང་སོགས་ཚོང་གཉེར་མ་དཔེ་སྣ་ཚོགས་ལག་བསྟར་བྱས་ལ། འབྲོག་པ་མང་ཚོགས་ཀྱི་རྩ་འཛུགས་ཅན་གྱི་རྒྱུད་རིམ་དང་ཕྱུགས་ལས་ཐོན་སྐྱེད་ལེགས་བསྡུས་ཅན་གྱི་ཆུ་ཚད་མཐོར་འདེགས་བཏང་།