མཚོ་སྔོན་གྱིས་ཆེད་དོན་ལས་རྐང་ཁྲི་གཅིག་དང་ཉིས་བརྒྱ་བཀོད་སྒྲིག་བྱས་ནས་དབུལ་ཕོངས་ངལ་རྩོལ་པའི་ལས་ཞུགས་ལ་རོགས་འདེགས་བྱས།
2020.04.06 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 21

གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། རིམས་ནད་སྔོན་འགོག་ཚོད་འཛིན་དང་ཁེ་ལས་ཀྱི་ལས་ཐོན་སླར་གསོ་བྱེད་ཆེད། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་གིས་ལས་ཞུགས་ལས་རྐང་ཁྲི་གཅིག་དང་ཉིས་བརྒྱ་བདམས་ནས། ལས་ཞུགས་ཐད་ལམ་བསྐྲུན་པ་དང་། མཚོ་སྔོན་ཞིང་ཆེན་གྱི་དབུལ་ཕོངས་ངལ་རྩོལ་པ་ལས་རྐང་སྟེང་ཞུགས་ནས་ལས་ཀ་སླར་གསོ་བྱེད་པ་དང་ངལ་རྩོལ་པ་ཕྱིར་ཞོར་ལས་སུ་འགྲོ་བར་རོགས་འདེགས་བྱས།

དབུལ་ཕོངས་ངལ་རྩོལ་པའི་ལས་ཞུགས་དང་རྩལ་ནུས་ཁྱད་ཆོས་ལ་ཁ་གཏད་དེ། ང་ཚོས་དཔྱིད་རླུང་འགུལ་སྐྱོད་གདན་ཞུ་ལས་རྐང་ཁྲོད་སློབ་སྦྱོང་གི་རྒྱུད་རིམ་དང་རྩལ་ནུས་རེ་བ་ཅུང་དམའ་བའི་ལས་རྐང་ཁྲི་གཅིག་དང་ཉིས་བརྒྱ་བདམས་ནས། ལས་ཞུགས་སྟེགས་བུ་བཙུགས་པ་དང་། དམིགས་ཡུལ་ནི་ལས་ཞུགས་བྱེད་དཀའ་བའི་མི་སྣའི་དོགས་པ་སེལ་བར་སྣེ་ཁྲིད་བྱེད་པ་དང་ལས་ཞུགས་ཡིད་ཆེས་ཇེ་བརྟན་དུ་གཏོང་བའི་ཆེད་རེད། མཚོ་སྔོན་ཞིང་ཆེན་ལས་ཞུགས་ཞབས་ཞུ་ཅུའུ་ཡི་ཅུའུ་ཀྲང་ཧོང་ཡཱ་ཅུན་གྱིས་བཤད་རྒྱུར། རིམས་ནད་བྱུང་བའི་སྐབས་སུ། མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་གི་དྲ་ཐོག་གཞུང་སྒྲུབ་ཚོམས་ཆེན་དང་མཚོ་སྔོན་ཤེས་ལྡན་མི་སྣའི་ཚོང་རའི་དྲ་རྒྱ་སོགས་སྟེགས་བུ་ལ་རྒྱབ་རྟེན་ནས། རྒྱུན་མཐུད་ངང་དྲ་ཐོག་ནས་སྲིད་ཇུས་དང་ལས་རྐང་། རྩལ་ནུས། ཞབས་ཞུ་བཅས་སྐྱེལ་བའི་བྱ་བ་རྒྱུན་མཐུད་ངང་སྤེལ།

དེ་ལས་གཞན། དབུལ་ཕོངས་ངལ་རྩོལ་པས་དུས་ཐོག་ཏུ་ལས་ཞུགས་ཆ་འཕྲིན་ལ་རྒྱུས་ལོན་བྱས་པར་ཁག་ཐེག་བྱེད་ཆེད། མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་གིས་དབུལ་ཕོངས་ངལ་རྩོལ་པའི་གདན་ཞུ་ལས་རྐང་ཆ་འཕྲིན་ཕྱོགས་བསྡུས་པར་སྐྲུན་བྱས་པར་མ་ཟད། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་སོ་སོའི་དབུལ་སྐྱོར་སྡེ་ཁག་བརྒྱུད་དེ་དབུལ་ཕོངས་ངལ་རྩོལ་པར་ལག་དེབ་སྟེར་བྱིན།

རྒྱུས་ལོན་བྱུང་བ་ལྟར་ན། ཕྱིར་ལས་རྐང་དུ་ལོག་ནས་ལས་ཀ་འགོ་རྩོམ་པར་འགན་སྲུང་བྱེད་ཆེད། མཚོ་སྔོན་ཞིང་ཆེན་གྱིས་ད་དུང་དུས་ཚོད་ཉེར་བཞིའི་རིང་གི་ཁེ་ལས་གཙོ་བོའི་ལས་བཀོལ་བཀོད་གཏོང་དང་ཞིང་བ་ཞོར་ལས་པ་ཕྱིར་ལས་རྐང་དུ་ལོག་ནས་ལས་འགོ་རྩོམ་པའི་ཞབས་ཞུའི་འགན་སྲུང་རྐྱེན་སྲོལ་བཙུགས། འགྲིམ་འགྲུལ་དང་འཕྲོད་བསྟེན། སྤྱི་བདེ་སོགས་སྡེ་ཁག་དང་མཉམ་ལས་བྱས་པ་བརྒྱུད་དེ། དབུལ་ཕོངས་ངལ་རྩོལ་པ་དང་ཞིང་བ་ཞོར་ལས་པ་ཕྱིར་ལས་རྐང་དུ་ལོག་པའི་དུས་ཚོད། ལས་གཉེར་ས་ཆ་སོགས་ཀྱི་ཆ་འཕྲིན་བསྡུ་རུབ་བྱས་ནས། གཅིག་བསྡུས་སྒོས་ཕྱིར་ལོག་པའི་ཞིང་བ་ཞོར་ལས་པར་སྐྱེལ་འདྲེན་དང་ཕྱིར་བསྐྱོད་ནང་འདྲེན་ས་ཆ་སོགས་ཀྱི་ཞབས་ཞུ་འགན་སྲུང་འདོན་སྤྲོད་བྱས། ཟླ་གསུམ་པའི་ཚེས་སུམ་ཅུའི་ཉིན། ཞིང་ཆེན་ཡོངས་ཀྱིས་བསྡོམས་པས་ཕྱིར་ལོག་པའི་ཞིང་བ་ཞོར་ལས་པར་རླངས་འཁོར་རེ་བརྒྱད་བཀོད་སྒྲིག་བྱས་པ་དང་། མེ་འཁོར་ཐེངས་གཅིག་བཀོད་སྒྲིག་བྱས་ལ། ཞིང་ཆེན་ཡོངས་སུ་ཞིང་བ་ཞོར་ལས་པ་ཁྲི་བཞི་དང་སྟོང་བདུན་དྲུག་བརྒྱ་ཕྱིར་ལས་རྐང་སྟེང་ཞུགས།