དབྱི་ཐ་ལིའི་ལས་ཐོན་སླར་གསོ་བྱས་ཏེ་ཡོ་རོབ་ཀྱི་སྒོ་བཀག་ཡུན་ཆེས་རིང་བའི་གྲོང་ཁྱེར་ཐོག་མར་ལྷོད།
2020.05.06 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 17

དུས་ཡུན་ཟླ་ངོ་གཉིས་ཙམ་གྱི་རིང་གྲོང་ཁྱེར་ཧྲིལ་བོ་སྒོ་བཀག་ནང་བཅད་བྱས་མཐར། དབྱི་ཐ་ལིའི་མི་ཁྲི440ཙམ་ལ་ལས་ཀ་དང་ཐོན་སྐྱེད་སླར་གསོ་བྱ་རྒྱུའི་ཆོག་མཆན་ཐོབ་པ་དེའི་ཐོག་ནས། དབྱི་ཐ་ལིར་རིམས་ནད་འགོག་པ་དང་དཔལ་འབྱོར་སླར་གསོ་བྱེད་པའི་དུས་མཚམས་གཉིས་པར་སླེབས་པ་མངོན་པར་མཚོན་ཞིང་། ལས་རིགས་ཁག་རིམ་བཞིན་ལས་འགོ་བསྐྱར་རྩོམ་བྱ་རྒྱུ་ཡིན་མོད། འོན་ཀྱང་སློབ་གྲྭ་རིམ་པ་ཁག་གིས་སྔར་བཞིན་སྒོ་ཕྱེ་མེད།

ཚེས་བཞི་ཉིན། དབྱི་ཐ་ལིའི་ཙུང་ལི་ཀྲུའུ་སའེ་ཕེ·ཁུང་ཐེས་རྒྱལ་དམངས་ལ་སྤྲིངས་པའི་འཕྲིན་ཡིག་ཅིག་གི་ནང་དུ། “འདི་ནི་ང་ཚོས་ངེས་པར་དུ་ཡིད་ཆེས་དང་འགན་འཁྲིར་བརྟེན་ནས་བྲིས་པའི་ལེའུ་གསར་པ་ཞིག་རེད་ཅེས་བྲིས་ཡོད།

ཡོ་རོབ་ཏུ་དབྱི་ཐ་ལིར་གཞི་ཁྱོན་ཆེ་བའི་རིམས་ནད་བྱུང་སྔ་ཤོས་ཡིན་པ་དང་། ཟླ་དང་པོའི་ཚེས་སོ་གཅིག་ཉིན་ནས་བཟུང་ཛ་དྲག་གི་གནས་ཚུལ་ཐོན་ཞིང་། ཟླ་ལྔ་བའི་ཚེས་གསུམ་ཉིན་བར། རིམ་རྩིས་བྱས་ན་ནད་པ 210717གཏན་འཁེལ་བྱས་པ་དེ་མིག་སྔའི་བར་ཡོ་རོབ་ཏུ་རིམས་ནད་བྱུང་བའི་ཁྱབ་རྒྱ་ཆེ་ཤོས་གཉིས་པ་ཟིན་པ་དང་། རིམ་རྩིས་བྱས་ན་ནད་པ28884རིམས་ནད་ལས་རྐྱེན་ལམ་དུ་ཤོར་བ་དེ་ཡོ་རོབ་ཏུ་ཆེས་ཆེ་ཤོས་སུ་སླེབས་ཡོད། ཟླ་གསུམ་པའི་ཚེས་བཅུ་ཉིན། དབྱི་ཐ་ལི་ཡོ་རོབ་གླིང་དུ་ཆེས་ཐོག་མར“སྒོ་བཀག་ནང་སྡོམ”གྱི་རྣམ་པར་ཚུད་པ་དང་། གྲོང་ཁྱེར་ཧྲིལ་བོའི་སྒོ་བཅད་དེ་ཟླ་ལྔ་པའི་ཚེས་གསུམ་ཉིན་བར་དུ་ཇེ་རིང་དུ་བཏང་བ་རེད།

བན་དེ་སྐྱབས་ཀྱིས་བསྒྱུར།