རླུང་འཕྲིན་ཟློས་གར། ང་ཚོ་སྡེ་བའི་ཧྲུའུ་ཅི་བཟང་པོ།
2020.08.28 ཁུངས། ཀློག་གྲངས། 395


ལེའུ་དང་པོ།


ལེའུ་གཉིས་པ།


ལེའུ་གསུམ་པ།


སྤྱི་ལོ2020ལོ་ནི་རང་རྒྱལ་གྱིས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་ལོ་ཡིན་པས།མཚོ་སྔོན་བོད་སྐད་རླུང་འཕྲིན་གྱིས2019ལོའི་ལོ་སྨད་ནས་བཟུང་ཞིབ་ཚགས་ཀྱི་འཆར་གཞི་དང་གཟབ་ནན་གྱི་རྩ་འཛུགས་འོག༼ང་ཚོ་སྡེ་བའི་ཧྲུའུ་ཅི་བཟང་པོ༽ཞེས་པའི་ལེའུ་གསུམ་ཅན་གྱི་རླུང་འཕྲིན་འཁྲབ་གཞུང་གསར་རྩོམ་བྱ་བའི་ལས་ཀའི་འགོ་བརྩམས་པ་དང་།2020ལོའི་ཟླ7པའི་ཟླ་སྨད་དུ་སྒྲ་ཕབ་སྒྲིག་སྦྱོར་སོགས་ཀྱི་ལས་ཀ་སྤུས་དག་མོས་ཚགས་སུ་ཆུད་པར་བྱས། 

འཁྲབ་གཞུང་འདི་རུ་ཕ་ས་ཕ་ཡུལ་ལ་བློ་དཀར་ཞིང་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ལ་བརྩོན་སེམས་ལྡན་པ།དབུལ་ཐར་མཁྲེགས་གཏོར་བྱ་བའི་འགན་འཁྲི་ལེགས་འགྲུབ་བྱ་བར་ནངས་འབད་དགོང་འབད་ལ་གཞོལ་བའི་ན་གཞོན་བདེ་ལེགས་ནོར་བུས་མ་སྐུལ་དང་བླངས་ཀྱི་སྒོ་ནས་ལྟོས་བཅས་ཀྱིས་རིག་གནས་དཔལ་འབྱོར་རྗེས་ལུས་དང་།འགྲིམ་འགྲུལ་སྟབས་མི་བདེ་ལ་གནས་ཡུལ་ཅུང་ཟད་མཐའ་འཁོབ་ཀྱི་གཡུ་ལུང་སྡེ་བའི་སྡེ་སྡོད་ཧྲུའུ་ཅི་དང་པོའི་འགན་ཁུར་ཚུན་དུ།ལོ་ངོ་ཁ་ཤས་རིང་ས་གནས་སྲིད་གཞུང་གི་རྒྱབ་སྐྱོར་དང་ཁོའི་ཐབས་ཤེས་ཟུང་འཇུག་གི་སྣེ་འདྲེན་འོག་སྔ་ཕྱིར་གཡུ་ལུང་སྡེ་བར་གཞུང་ལམ་གསར་པ་ཞིག་གསོ་དང་།ཟོང་འགྲུལ་རླངས་འཁོར་རུ་ཁག་རྩ་འཛུགས།ཡུལ་སྐོར་སྤྲོ་གསེང་ལས་རིགས་ཀྱི་ཁེ་ལས་པ་བསྐྱེད་སྲིང་།ཅང་སུའུ་ཞིང་ཆེན་ལ་ན་གཞོན་མངགས་གཏོང་གིས་ལག་རྩལ་གསར་པ་སློབ་སྦྱོང་བྱེད་པ་སོགས་ཀྱི་ཇུས་ཐབས་མང་པོ་བརྒྱུད་དེ།སྔོན་ཆད་ཀུན་གྱིས་རྗེས་ལུས་བསྙད་པའི་གཡུ་ལུང་སྡེ་བར་གཞི་ནས་འཕོ་འགྱུར་གསར་བ་བྱུང་སྟེ།གཡུ་ལུང་སྡེ་བ་བཙན་མགོན་རྫོང་ཡོངས་ཀྱི་དབུལ་ཕོངས་ཞྭ་མོ་འཕུད་མཁན་གྱི་སྡེ་བ་ཐོག་མར་གྱུར་པའི་ངོ་མཚར་བྱུང་རིམ་འཁྲབ་གཞུང་གི་ལམ་ནས་གསལ་བོར་བྲིས་ཡོད།

མཚོ་སྔོན་བོད་སྐད་རླུང་འཕྲིན་གྱིས་རྒྱ་ཆེའི་བོད་ཁུལ་གྱི་རོང་འབྲོག་མང་ཚོགས་ཀྱིས་སྤྱི་ལོ2020ལོར་དབུལ་སྐྱོར་མཁྲེགས་གཏོར་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པར་བསམ་བློའི་རྟིང་སྐུལ་དང་།ཏང་དང་རྒྱལ་ཁབ་ཀྱིས་བཅོལ་བའི་ལས་འགན་རླབས་ཆེན་སྔ་མོ་ནས་མངོན་འགྱུར་བྱ་བར་གོང་འོག་བར་གསུམ་རྡོག་རྩ་གཅིག་སྒྲིལ་སྒོས།ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་ནས།འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་བོད་ཁུལ་གསར་བ་འཛུགས་སྐྲུན་ལ་ལག་རྗེས་གང་ལེགས་འབུལ་བར།༼ང་ཚོ་སྡེ་བའི་ཧྲུའུ་ཅི་བཟང་པོ༽ཞེས་པའི་ལེའུ་གསུམ་ཅན་གྱི་རླུང་འཕྲིན་ཟློས་གར་ཆེད་དུ་གསར་རྩོམ་བྱས་པ་དང་།བོད་སྐད་རླུང་འཕྲིན་གྱི་གཙོ་སྐྱོང་ཐའེ་ཀྲང་གཙོས་སྤྱིའི་ལྟ་སྐུལ་པ་དང་ལྟ་སྐུལ་པ་ལྷན་རྒྱས་ཀྱིས་འཁྲབ་གཞུང་ལ་ཞུ་དག་ཞིབ་མོའི་གོ་རིམ་གང་འཚམ་བརྒྱུད་ད་གཟོད་རྒྱ་ཆེའི་གསན་མཁན་ལྷན་རྒྱས་ཀྱི་སྙན་ལམ་དུ་བསྒྲོན་པ་ཡིན།