མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཏང་ཙུའུ་རྒྱ་སྐྱེད་གྲོས་ཚོགས་བསྡུས།
2020.11.01 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 45

ཟླ་བཅུ་བའི་ཚེས་སོ་གཅིག་ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་འགོ་མཛིན་བྱས་ནས་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་རྒྱ་སྐྱེད་གྲོས་ཚོགས་བསྡུས་ཏེ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བཀོད་སྒྲིག་རེ་བ་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། སློབ་སྦྱོང་དང་ལག་བསྟར་བྱ་བར་བཀོད་སྒྲིག་བྱས།

ཚོགས་ཐོག་ནས་བསྟན་དོན། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བ་ནི་བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་བསྣོལ་འདྲེས་ཀྱི་ལོ་རྒྱུས་དུས་སྐབས་གལ་ཆེན་དུ་བསྡུས་པའི་རྡོ་རིང་རང་བཞིན་གྱི་དོན་སྙིང་ལྡན་པའི་གྲོས་ཚོགས་གལ་ཆེན་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕུལ་བའི་སྙན་ཞུ་དང་གསུང་བཤད་གལ་ཆེན་གྱིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་ཚུན་དུ། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྣ་ཚོགས་ཐད་ནས་གྲུབ་འབྲས་གལ་ཆེན་ལེན་པར་སྐུལ་འདེད་བཏང་བར་སྤྱི་སྡོམ་བྱས་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་རྒྱལ་ཁབ་ཀྱི་འཐབ་ལམ་གསར་བའི་ཐད་ནས་རེ་བ་གསལ་བོ་བཏོན། ཚང་འཛོམས་གྲོས་ཚོགས་སྟེང་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི་ལོ་ལྔའི་འཆར་གཞི་བཅུ་བཞི་བ་དང2035ལོའི་མདུན་ལྗོངས་དམིགས་འབེན་གྲོས་གཞི་ཡིས། མ་འོངས་པའི་ལོ་ལྔའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་མཛུབ་ཁྲིད་དགོངས་པ་དང་གཞི་རྩའི་རྩ་དོན། དམིགས་འབེན་རེ་བ། ལས་འགན་གཙོ་བོ། བྱེད་ཐབས་གལ་ཆེན་གཏན་ཁེལ་བྱས་པ་དང་། 2035ལོའི་བར་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་མངོན་འགྱུར་བྱེད་པའི་མདུན་ལྗོངས་དམིགས་འབེན་འཆར་འགོད་བྱས་ལ། དུས་རབས་ཀྱི་རེ་བ་དང་མི་དམངས་འདོད་བློ་དང་མཐུན་པར་བྱས་ཡོད་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱལ་ཁ་གསར་བ་ལེན་པའི་རྩ་གནད་རང་བཞིན་གྱི་ཡིག་ཆ་ཡིན། ཞིང་ཆེན་སྲིད་གཞུང་ཏང་ཙུའུ་དང་ཞིང་ཆེན་ཡོངས་ཀྱི་སྲིད་གཞུང་ལས་ཁུངས་ཀྱིས་འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ལག་བསྟར་བྱེད་པ། དགོངས་དོན་གྱི་གོ་དོན་ལ་རྒྱུས་ལོན་ཡང་དག་བྱས་ཏེ། བསམ་བློ་དང་འགུལ་སྐྱོད་གཉིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྟེང་གཅིག་གྱུར་བྱེད་དགོས་ཟེར།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་རྒྱུ་ནི། མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་ཆབ་སྲིད་ལས་འགན་གལ་ཆེན་ཡིན། ཞིང་ཆེན་སྲིད་གཞུང་ཏང་ཙུའུ་དང་ཏང་ཙུའུ་ཁོངས་མིས་སྔོན་དུ་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་། རིམ་པ་སོ་སོ་དང་སྡེ་ཁག་སོ་སོ་དང་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་རྩ་འཛུགས་དང་སྣེ་ཁྲིད་བྱས་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་བྱེད་པའི་ཚ་རླབས་འཕྱུར་བར་བྱེད་པ། བློ་བརྟན་འགྱུར་མེད་ཀྱིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་བརྟེན་ནས་བསམ་བློ་གཅིག་གྱུར་བྱེད་པ་དང་ཐུན་མོང་གི་ལྟ་བ་གཅིག་ཏུ་བསྡུས་ཏེ། ལག་ལེན་ལ་མཛུབ་ཁྲིད་བྱེད་པ་དང་བྱ་བར་སྐུལ་འདེད་གཏོང་དགོས། སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་མཛུབ་ཁྲིད་དུ་བྱེད་པ་དང་། གཅིག་བསྡུས་སྒོས་ཕྱོགས་སོ་སོའི་བློ་རིག་དང་སྟོབས་ཤུགས་གཅིག་ཏུ་བསྡུས་པ། རང་ཞིང་གི་ལོ་ལྔའི་འཆར་གཞི་བཅུ་བཞི་པ་སྒྲིག་བཟོ་བྱས་ནས། སློབ་སྦྱོང་གི་གྲུབ་འབྲས་བསམ་ཕྱོགས་ཡང་དག་དང་འཕེལ་རྒྱས་འཆར་གཞི་རུ་བསྒྱུར་བ་དང་། བཅོས་བསྒྱུར་འཕེལ་རྒྱས་གཏན་འཇགས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོ་དང་དངོས་གཉེར་འགུལ་སྐྱོད་ལ་བསྒྱུར་དགོས། དམིགས་འབེན་ལས་འགན་ལ་དམིགས་པ་དང་། གཅིག་བསྡུས་སྒོས་མཇུག་བཟང་བོ་བསྡུ་བ་དང་འགོ་བཟང་བོ་རྩོམ་པའི་ཆེད་དོན་འགུལ་སྐྱོད་སྤེལ་བ། གཏན་འཇགས་དྲུག་གི་བྱ་བ་བཟང་བོར་བསྒྲུབ་པ། འགན་སྲུང་དྲུག་གི་ལས་འགན་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། ལོ་ལྔའི་འཆར་གཞི་བཅུ་གསུམ་པ་བདེ་བླག་ངང་མཇུག་བསྡུ་བར་ཁག་ཐེག་བྱེད་དགོས། སང་ལོའི་བྱ་བ་གཙོ་བོར་འཆར་འགོད་བཟང་བོ་བྱེད་པ་དང་། བྱ་བའི་ཁ་གཏད་རང་བཞིན་དང་རྒྱང་བལྟ་རང་བཞིན། སྔོན་དཔག་རང་བཞིན་ཇེ་དྲག་ཏུ་བཏང་སྟེ། འཕེལ་རྒྱས་ཀྱི་གཏན་འཇགས་རང་བཞིན་དང་བསྟུད་མར་རང་བཞིན་རྒྱུན་འཁྱོངས་བྱེད་དགོས་ཟེར།

་ཏང་ཙུའུ་ཁོངས་མི་ཝང་ལིས་མེན། ཝང་ཀྲིན་ཧྲིན། ཀྲང་ལིས། དབྱང་ཀྲི་ཝུན། ཀྲང་ཧོང་ཡོན་བཅས་གྲོས་ཚོགས་ལ་ཞུགས། ཧྲིན་ཀྲང་གཞོན་པ་ཁོང་ཡུང་གྲོས་ཚོགས་ལ་ཟུར་ཞུགས་བྱས།

ལོ་ཙཱ་བ། རིན་ཆེན་མཚོ།