ཝང་ཅན་ཅུན་གྱིས་གཞི་རིམ་ནས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སྒྲོག་འགྲེལ་བྱས།
2020.11.04 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 31

ཟླ་བཅུ་གཅིག་པའི་ཚེས་གསུམ་ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་ཟི་ལིང་གྲོང་ཁྱེར་མཁར་ནུབ་ས་ཁུལ་ཐུང་ཧའེ་ལམ་སྲང་ཤར་གཞུང་སྒྲུབ་ཁྲུའུ་ཀོང་ཧྭ་གཞིས་ཁུལ་དུ་སོང་ནས། གཞི་རིམ་གྱི་ལས་བྱེད་མང་ཚོགས་དང་ལྷན་དུ་བསམ་བློ་བརྗེ་རེས་བྱས་ཏེ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སྒྲོག་འགྲེལ་བྱས་པར་མ་ཟད། ཚང་མ་དང་ལྷན་དུ་སོ་སོའི་སེམས་ཁོང་གི་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྐབས་ཀྱི་འཆར་གཞི་ཞིབ་གླེང་བྱས།

ཝང་ཅན་ཅུན་ཚང་མ་དང་ལྷན་དུ་བསྡད་དེ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། ཏང་དང་རྒྱལ་ཁབ་ལས་དོན་གྱིས་ཕྱོགས་ཡོངས་རང་བཞིན་དང་གསར་གཏོད་རང་བཞིན་ལྡན་པའི་གྲུབ་འབྲས་འདི་ལྟ་བུ་ཞིག་ལེན་ཐུབ་པ་དང་། གཞི་རྩའི་རང་བཞིན་གྱི་འགྱུར་ལྡོག་གཏོང་ཐུབ་དོན་ནི། ཐོག་མཐའ་བར་གསུམ་ཀུན་ཏུ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱས་ཏེ། སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཐུན་མིན་དགེ་མཚན་འདོན་སྤེལ་གང་ལེགས་བྱས་པ་དང་འབྲེལ་ཡོད་ཅིང་། མཚོ་སྔོན་དང་བཅས་པའི་ཀྲུང་གོ་འཛིན་མའི་ཁྱོན་གང་སར་གྲུབ་འབྲས་བླ་མེད་ཐོབ་པར་བརྟེན། འདིར་བཞུགས་ཚང་མ་ནི་ལས་དོན་རླབས་ཆེན་འདིའི་ཁྲོད་ཞུགས་མཁན་དང་སྐུལ་འདེད་གཏོང་མཁན། བདེན་དཔང་བྱེད་མཁན་བཅས་ཡིན་ཟེར།

ཝང་ཅན་ཅུན་གྱིས་བཤད་རྒྱུར། ལོ་ལྔའི་འཆར་འགོད་བཅུ་བཞི་པར་འཆར་གཞི་ལེགས་པོ་ཞིག་བཟོ་རྒྱུ་ནི་ལས་དོན་ཆེན་པོ་ཞིག་དང་ལས་དོན་གལ་ཆེན་ཞིག་ཡིན། དོན་དག་ཅི་ཡོད་མང་ཚོགས་དང་ལྷན་དུ་གྲོས་སྡུར་བྱེད་དགོས་པ་དང་། དམངས་ཀྱི་ཆེད་དུ་ཆབ་སྲིད་བློ་འདྲི་བྱས་ན་གཞི་ནས་མི་དམངས་ཀྱི་འདོད་བློ་དང་འཚམ་པའི་འཆར་གཞི་ལེགས་པོ་ཞིག་འགོད་ཐུབ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ང་ཚོ་ལ་མིག་དཔེ་གསོན་པོ་བསྟན་ཡོད་པས། སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་ལ་ཁ་མིག་ཡར་ལྟ་བྱས་ཏེ། ཞིང་ཆེན་ཏང་ཨུས་ད་ལྟ་མཚོ་སྔོན་གྱི་ལོ་ལྔའི་འཆར་འགོད་བཅུ་བཞི་པར་གྲ་སྒྲིག་བྱེད་ཀྱིན་ཡོད་ལ། བསམ་འཆར་བསྡུ་ལེན་གྱི་བྱ་འགུལ་བཀོད་སྒྲིག་བྱས་ཏེ། ངའི་སེམས་ཁོང་གི་ལོ་ལྔའི་འཆར་འགོད་བཅུ་བཞི་པ་ཞེས་པའི་ཁ་བྱང་བཟོས་ཡོད་ཅིང་། དེའི་དམིགས་ཡུལ་ནི་བསམ་བློ་སྣ་མང་བསྡུ་ལེན་བྱས་ཏེ། མཚོ་སྔོན་གྱི་འཆར་འགོད་འཆར་ཟིན་ལེགས་པོ་ཞིག་བཟོ་ཆེད་ཡིན། ལོ་ལྔའི་འཆར་འགོད་བཅུ་བཞི་པར་འཆར་གཞི་ལེགས་པོ་ཞིག་བཟོ་རྒྱུ་ནི་ཏང་གི་གྲོས་གཞི་དང་མི་དམངས་ཀྱི་འཆར་འགོད། དུས་རབས་ཀྱི་འཕེལ་རྒྱས། ལོ་རྒྱུས་ཀྱི་རྗེས་ཤུལ་བཅས་མངོན་པར་གསལ་བ་ཞིག་ཡིན་པས། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཚང་མ་འཆར་ཟིན་ཁྲོད་ཞུགས་ཏེ་རང་རང་གི་བློ་གྲོས་རྩལ་དུ་བཏོན་ནས། རང་ཉིད་ཀྱི་བདེ་སྐྱིད་འཚོ་བའི་ཆེད་དུ་བློ་འདོན་ཇུས་འབུལ་དང་ཤེས་རབ་ཅི་ཡོད་ལེགས་སྐྱེས་སུ་འབུལ་དགོས་ཟེར།

ཝང་ཞའོ་དང་ཡུས་ཚུང་ལི་གཉིས་གོང་གསལ་བྱ་འགུལ་ལ་ཞུགས།

ལོ་ཙཱ་བ། བན་དེ་སྐྱབས།