ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པ་ས་ཆ་སོ་སོར་སོང་ནས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་སྒྲོག་འགྲེལ་བྱས།
2020.11.14 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 38

བསྟུད་མར་ཉིན་འགའི་རིང་ལ། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པ་རྒྱལ་དབང་རྒྱུ་ནོར་རྒྱལ་ཁབ་ཁེ་ལས་མ་ལག་དང་ཧའེ་ལུང་ཅང་། ཧི་ནན་སོགས་ས་ཆར་སོང་ནས་སྒྲོག་འགྲེལ་སྙན་ཞུ་ཕུལ་བ་དང་། ཁོ་ཚོས་གསོན་ཉམས་ལྡན་པའི་སྐད་ཆར་བརྟེན་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་འགྲེལ་བཤད་བྱས་པར་མ་ཟད། གཞི་རིམ་དུ་སོང་ནས་ལས་བྱེད་པ་དང་མང་ཚོགས་དང་བརྗེ་རེས་ཟབ་མོ་བྱས།

ཉེ་ལམ། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་རྒྱལ་དབང་རྒྱུ་ནོར་ཨུ་ཡོན་ལྷན་ཁང་གི་ཏང་ཨུའི་ཧྲུའུ་ཅི། ཀྲུའུ་རིན་ཧའོ་ཕིན་རྒྱལ་དབང་རྒྱུ་ནོར་རྒྱལ་ཁབ་ཁེ་ལས་མ་ལག་ཏུ་སོང་ནས་སྒྲོག་འགྲེལ་བྱས་པ་དང་། རྒྱལ་ཡོངས་རྒྱལ་དབང་རྒྱུ་ནོར་རྒྱལ་ཁབ་ཁེ་ལས་མ་ལག་གི་ཡན་ལག་ཚོགས་ར་ཁྲི་གཅིག་དང་སྟོང་ལྔའི་མི་འབུམ་གསུམ་གྱིས་མཉམ་དུ་སྒྲོག་འགྲེལ་ལ་བལྟས། ཚོགས་འདུ་གྲོལ་རྗེས། ཧའོ་ཕིན་ད་དུང་མཁའ་འགྲུལ་ཚན་རྩལ་སྡེ་ཚོགས་ལྔ་བར་སོང་ནས། ལས་བྱེད་པ་དང་བརྗེ་རེས་བྱས།

ཧའེ་ལུང་ཅང་དུ། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། རྒྱལ་ཁབ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། རྒྱལ་ཁབ་བསྡོམས་རྩིས་ཅུའུ་ཡི་ཅུའུ་ཀྲང་ཉིན་ཅི་ཀྲིག་གིས་སྒྲོག་འགྲེལ་སྙན་ཞུ་ཕུལ། གྲོས་ཚོགས་གྲོལ་རྗེས། ཁོ་སོ་སོར་མཁའ་སྐྱོད་བཟོ་ལས་ཧྭ་ཧྥེ་དང་ཧྭ་ཨེར་པེན་བཟོ་ལས་སློབ་ཆེན་སོགས་ས་ཆར་སོང་ནས། ཚང་མ་དང་བརྗེ་རེས་གྲོས་སྡུར་བྱས།

ཧི་ནན་དུ། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། རྒྱལ་སྲིད་སྤྱི་ཁྱབ་ཁང་ཞིབ་འཇུག་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་ཧོང་ཧྲིག་ཧོང་གིས་སྒྲོག་འགྲེལ་སྙན་ཞུ་ཕུལ། གྲོས་ཚོགས་རྗེས་སུ། ཧོང་ཧྲིག་ཧོང་ཀྲིན་ཀྲིག་སློབ་ཆེན་དུ་སོང་ནས། དགེ་སློབ་ཚོ་དང་བརྗེ་རེས་བཞུགས་མོལ་བྱས།

ལོ་ཙཱ་བ། རིན་ཆེན་མཚོ།