ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པ་ས་གནས་སོ་སོར་སོང་ནས་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་སྒྲོག་འགྲེལ་སྙན་ཞུ་ཕུལ།
2020.11.16 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 79

ན་གཞོན་ནི་ལོ་ལྔའི་འཆར་འགོད་བཅུ་བཞི་བ་དང་དེ་ལས་རིང་བའི་དུས་སྐབས་སུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་གཙོ་ཤུགས་དམག་དཔུང་ཡིན་པས། ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་བྱ་བ་བཟང་བོར་བསྒྲུབ་སྐབས་ན་གཞོན་ནི་ཚོགས་ཁག་གཙོ་བོ་ཡིན། ཉེ་ལམ། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པ་མཐོ་རིམ་སློབ་གྲྭའི་ན་གཞོན་སློབ་མ་རྣམས་ཀྱི་ཁྲོད་དུ་སོང་སྟེ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སྒྲོག་འགྲེལ་ནན་མོ་བྱས།

ཉེ་ལམ། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། ཚན་རྩལ་པུའུ་ཏང་ཙུའུ་ཧྲུའུ་ཅི། པུའུ་ཀྲང་ཝང་ཀྲི་ཀང་གིས་ཧྥུའུ་ཏན་སློབ་ཆེན་དུ་ཧྲང་ཧེ་ཡི་མཐོ་རིམ་སློབ་གྲྭའི་དགེ་སློབ་རྣམས་ལ་སྒྲོག་འགྲེལ་སྙན་ཞུ་ཕུལ་བར་མ་ཟད། ཧྥུའུ་ཏན་སློབ་ཆེན་གྱི་གུང་ཁྲན་ཏང་གི་བསྒྲགས་གཏམ་འགྲེམ་སྟོན་ཁང་དུ་སོང་ནས་ཏང་ཡོན་དང་བླངས་ཞབས་ཞུ་རུ་ཁག་གི་རུ་མི་དང་བསམ་བློ་བརྗེ་རེས་བྱས།

ཀོང་ཏུང་ཞིང་ཆེན་དུ་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། ཀོང་ཏུང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཀོང་ཏུང་ཞིང་ཆེན་གྱི་ཧྲིན་ཀྲང་མ་ཞིན་རོས་ཀྱིས་ཀྲུང་ཧྲན་སློབ་ཆེན་དུ་བརྙན་འཕྲིན་དང་ཁ་པར་གྲོས་ཚོགས་ཀྱི་རྣམ་པར་བརྟེན་ནས་ཞིང་ཆེན་ཡོངས་ཀྱི་མཐོ་རིམ་སློབ་གྲྭ་བརྒྱ་དང་ལྔ་བཅུ་ལྷག་ལ་སྒྲོག་འགྲེལ་སྙན་ཞུ་ཕུལ་བར་མ་ཟད་གྲོས་ཚོགས་ཀྱི་རྗེས་སུ་དགེ་སློབ་རྣམས་ཀྱི་འཐུས་ཚབ་དང་བསམ་བློ་བརྗེ་རེས་བྱས།

ཁྲུང་ཆིན་དུ་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གཞོན་པ་དབྱིན་ཡན་ལིན་གྱིས་ཁྲུང་ཆིན་སློབ་ཆེན་དུ་སྒྲོག་འགྲེལ་སྙན་ཞུ་ཕུལ་བར་མ་ཟད། སློབ་གྲྭའི་དགེ་སློབ་རྣམས་དང་བསམ་བློ་བརྗེ་རེས་བྱས།

ལོ་ཙཱ་བ། བཀྲ་ཤིས་འབུམ།