ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པས་ས་གནས་སོ་སོ་རུ་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་སྒྲོག་འགྲེལ་བྱས།
2020.11.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 187

བསྟུད་མར་ཉིན་འགའི་རིང་ལ། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་རྣམས་ཀྱིས་ཀྲུང་གོ་ཚན་རིག་གླིང་དང་ཀྲུང་གོ་སྤྱི་ཚོགས་ཚན་རིག་གླིང་། ཀྲུང་གོ་བཟོ་སྐྲུན་གླིང་བཅས་སུ་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་སྒྲོག་འགྲེལ་བྱས་པར་མ་ཟད་ཡོན་ཧྲིའི་འཐུས་ཚབ་དང་ཚན་ཞིབ་མི་སྣ། ན་གཞོན་དགེ་སློབ་སོགས་དང་མཉམ་དུ་གླེང་མོལ་དང་བརྗེ་རེས་བྱས།

ཀྲུང་གོ་ཚན་རིག་གླིང་དུ་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། ཀྲུང་གོ་ཚན་རིག་གླིང་གི་འགོ་གཙོ། ཏང་ཙུའུ་ཧྲུའུ་ཅི་པེ་ཁྲུན་ལིས་ཀྱིས་ཉིས་སྟོང་སོ་ལྔ་ལོའི་རྒྱང་རིང་དམིགས་འབེན་དང་ལོ་ལྔའི་འཆར་འགོད་བཅུ་བཞི་བའི་འཕེལ་རྒྱས་དམིགས་འབེན་གྱི་འཐབ་ཇུས་དཔྱད་ཚད་སོགས་ནང་དོན་ལ་དམིགས་ཏེ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་རྒྱས་བཤད་བྱས།

གྲོས་ཚོགས་ཀྱི་རྗེས་སུ། པེ་ཁྲུན་ལིས་ཀྱིས་ད་དུང་ཡོན་ཧྲིའི་འཐུས་ཚབ་དང་འཐབ་ཕྱོགས་དང་པོ་ན་ཡོད་པའི་ཚན་ཞིབ་མི་སྣར་བསམ་བློ་བརྗེ་རེས་བྱས་པར་མ་ཟད། རྒྱལ་ཁབ་ན་མུས་ཚན་རིག་ལྟེ་གནས་ལ་རྟོག་ཞིབ་བྱས།

ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། ཀྲུང་གོ་སྤྱི་ཚོགས་ཚན་རིག་གླིང་གི་ཡོན་ཀྲང་། ཏང་ཙུའུ་ཧྲུའུ་ཅི་ཞེ་ཧྥུའུ་ཀྲན་གྱིས་ཉེ་ལམ་ཀྲུང་གོ་སྤྱི་ཚོགས་ཚན་རིག་གླིང་དུ་སྒྲོག་འགྲེལ་བྱས། ཁོ་རང་ད་དུང་ཀྲུང་གོ་སྤྱི་ཚོགས་ཚན་རིག་གླིང་སློབ་ཆེན་དུ་སོང་སྟེ་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་མྱུར་དུ་གསར་སྐྲུན་བྱེད་པ་སོགས་བརྗོད་དོན་གཙོ་བོར་དམིགས་ནས་ན་གཞོན་དགེ་སློབ་རྣམས་དང་མཉམ་དུ་བསམ་བློ་བརྗེ་རེས་བྱས།

ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། ཀྲུང་གོ་བཟོ་སྐྲུན་གླིང་གི་ཏང་ཙུའུ་ཧྲུའུ་ཅི། ཡོན་ཀྲང་ལིས་ཞོ་ཧོང་གིས་ཉེ་ལམ་ཀྲུང་གོ་བཟོ་སྐྲུན་གླིང་དུ་སྒྲོག་འགྲེལ་སྙན་ཞུ་ཕུལ། ཁོས་རྒྱལ་ཁབ་ཀྱི་འཐབ་ཇུས་ཚན་རྩལ་ནུས་ཤུགས་ཇེ་ཆེར་གཏོང་བ་དང་གནད་འགག་སྲོག་ཤིང་ལག་རྩལ་མཁྲེགས་གཏོར་འཐབ་ཇུས་ལག་བསྟར་བཟང་བོ་བྱེད་པ། ཚན་རྩལ་གསར་སྐྲུན་སྒྲིག་སྲོལ་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་སོགས་ཕྱོགས་མང་པོ་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་འགྲེལ་བཤད་བྱས།

སྒྲོག་འགྲེལ་སྐབས་སུ། ལིས་ཞོ་ཧོང་ད་དུང་ཧྲིན་ཀྲིན་ལ་སོང་སྟེ་སློབ་སྲོལ་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་རྒྱལ་ཁབ་ཚན་རྩལ་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ་སོགས་གནད་དོན་ཐད་ནས་ཚན་ཞིབ་མི་སྣ་དང་བཞུགས་མོལ་བྱས།

ལོ་ཙཱ་བ། བཀྲ་ཤིས་འབུམ།