ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པས་སྙན་ཞུ་གྲོས་ཚོགས་ཐེངས་དང་པོ་བསྡུས།
2020.11.24 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 282

ཟླ་བཅུ་གཅིག་པའི་ཚེས་ཉེར་གསུམ་ཉིན། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་སྙན་ཞུ་གྲོས་ཚོགས་ཐེངས་དང་པོ་ཞིང་ཆེན་ཏང་ཨུའི་གཞུང་སྒྲུབ་ཐིན་དུ་བསྡུས་ནས། ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་གཅིག་བསྡུས་སྒྲོག་འགྲེལ་བྱ་བའི་འགོ་དངོས་སུ་བརྩམས། ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གི་ཏང་ཙུའུ་ཧྲུའུ་ཅི། འགོ་བ་ཧྲུའུ་ཝེ་ཀྲུང་གིས་སྒྲོག་འགྲེལ་སྙན་ཞུ་ཕུལ།

སྙན་ཞུའི་ཚོགས་འདུའི་སྟེང་། ཧུའུ་ཝེ་ཀྲུང་གིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དོན་སྙིང་གལ་ཆེན་ལ་རྒྱུས་ལོན་ཟབ་མོ་བྱེད་པ་དང་། རང་རྒྱལ་འཕེལ་རྒྱས་ཀྱི་དུས་རིམ་གསར་བ་རུ་བསྐྱོད་པའི་དོན་སྙིང་གལ་ཆེན་དང་ཕན་ཡོད་ཆ་རྐྱེན། ཁྱད་ཆོས་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱེད་པ། ཉིས་སྟོང་སོ་ལྔ་ལོའི་ཡུན་རིང་དམིགས་འབེན་དང་ལོ་ལྔའི་འཆར་འགོད་བཅུ་བཞི་བའི་སྐབས་ཀྱི་རང་རྒྱལ་འཕེལ་རྒྱས་ཀྱི་མཛུབ་སྟོན་བྱེད་ཕྱོགས་དང་དམིགས་འབེན་གཙོ་བོ། ལས་འགན་གལ་ཆེན་བཅས་ལ་རྒྱུས་ལོན་ཡང་དག་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་བའི་འཐབ་ཇུས་བསམ་གཞིགས་དང་ཤུགས་འདོན་ས་ཁོང་དུ་ཆུད་པར་བྱེད་པ། ཏང་གིས་འགོ་ཁྲིད་དེ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་སྒྲིག་གཞི་རྐྱེན་སྲོལ་ལ་ཤུགས་སྣོན་པ་དང་འཐུས་ཚང་དུ་གཏོང་བ་བཅས་ཕྱོགས་ལྔ་ལ་དམིགས་ནས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་ཁྱོན་ཡོངས་ནས་འགྲེལ་ཀློག་གསལ་བཤད་གཏིང་ཟབ་དང་ཡང་དག་བྱས་པར་མ་ཟད། རང་ཞིང་གི་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཐད་ནས་ངོས་ཟིན་དང་མྱོང་ཚོར་གླེང་། སྒྲོག་འགྲེལ་ཡུལ་དངོས་སུ། ཏང་ཡོན་ལས་བྱེད་པ་བརྒྱ་དང་ཉི་ཤུས་སྙན་ཞུ་ལ་ཉན་པའི་ཞོར་དུ་ཟིན་ཐོ་བཀོད། སྒྲོག་འགྲེལ་བརྒྱུད་དེ། ཚོགས་ཞུགས་བློ་མཐུན་གྱིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་ངོས་འཛིན་དང་རྒྱུས་ལོན་ཟབ་མོ་བྱེད་ཐུབ་པ་བྱུང་།

ཞིང་ཆེན་ཏང་ཨུའི་སྲིད་ཇུས་ཞིབ་འཇུག་ཁང་དཔལ་འབྱོར་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་ཁྲིན་ཧའོ་ཡིས། སྒྲོག་འགྲེལ་སྙན་ཞུ་ཡི་བརྗོད་དོན་མངོན་གསལ་ཡིན་པ་དང་། ནང་དོན་ཕུན་སུམ་ཚོགས་ཤིང་གཙོ་གནད་འབུར་དུ་ཐོན་ལ། འགྲེལ་བཤད་ཟབ་མོ་བྱས་པ་དང་། གཞུང་ལུགས་རང་བཞིན་དང་ལག་ལེན་རང་བཞིན་ཆེན་པོ་ལྡན། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་ལག་བསྟར་ནན་མོ་བྱེད་པའི་གནད་འགག་ནི་དགོངས་དོན་གྱི་ངོ་བོར་གོ་བ་ལེན་པ་དང་། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དང་མཚོ་སྔོན་གྱི་བྱ་བ་གཉིས་ཟུང་འབྲེལ་བྱེད་རྒྱུ་དེ་ཡིན། ང་ཚོས་ཆབ་སྲིད་འགན་འཁྲི་དང་ལོ་རྒྱུས་ཀྱི་འདུ་ཤེས་མཐོན་པོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་ནན་མོ་དང་ལག་བསྟར་ཟབ་མོ་བྱེད་པ་དང་། ཡིད་ཆེས་དང་ཆོད་སེམས་ཇེ་བརྟན་དུ་བཏང་སྟེ། མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཐད་རང་ཉིད་ཀྱི་བྱས་རྗེས་འཇོག་དགོས་ཟེར།

ཞིང་ཆེན་ཡིག་ཚགས་ཁང་གི་རིམ་པ་བཞི་བའི་ཀྲུའུ་རིན་ཀྲང་ཧའེ་ཞ་ཡིས་བཤད་རྒྱུར། དེ་རིང་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་གྱི་སྒྲོག་འགྲེལ་སྙན་ཞུ་ལ་ཉན་པ་དང་། ང་ལ་སྐུལ་མ་ཆེན་པོ་ཐེབས་པ་མ་ཟད། ཡིད་ཆེས་ཇེ་བརྟན་དུ་བཏང་བ་དང་། ཕུགས་འདུན་ཡིད་རྟོན་དང་ལས་གཉེར་ལས་སྐྲུན་གྱི་ཆོད་སེམས་ཇེ་བརྟན་དུ་བཏང་། ཏང་ཡོན་ལས་བྱེད་པ་དཀྱུས་མ་ཞིག་ཡིན་པའི་ཆ་ནས། གོ་རིམ་རྗེས་མར་ངས་མུ་མཐུད་དུ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་རྒྱུས་ལོན། ལག་བསྟར་བཟང་བོ་བྱེད་པ་དང་། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་གཉིས་ཟུང་འབྲེལ་བྱེད་པ། བསམ་བློར་དྲག་ཆས་སྤྲས་པ་དང་བྱ་བར་མཛུབ་སྟོན་བྱས་ཏེ། བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་ཐད་རང་ཉིད་ཀྱི་སྟོབས་ཤུགས་འབུལ་རྒྱུ་ཡིན་ཟེར། 

ལོ་ཙཱ་བ། རིན་ཆེན་མཚོ།