མཚོ་སྔོན་ཞིང་ཆེན་ཏང་ཨུའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ཐེངས་དང་པོའི་སྟེང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་དགོངས་དོན་ངོ་སྤྲོད་དང་འགྲེལ་ཀློག་བྱས།
2020.12.29 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 107

ཟླ་བཅུ་གཉིས་པའི་ཚེས་ཉེར་བཞི་ཉིན་ནས་ཚེས་ཉེར་དྲུག་ཉིན་བར། ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པ་ཟི་ལིང་ནས་ཚོགས། ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ནི་མཚོ་སྔོན་དུ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གྱི་ཚ་རླབས་འཕྱུར་བར་བྱེད་པའི་སྐབས་སུ་བསྡུས་པའི་གྲོས་ཚོགས་གལ་ཆེན་ཞིག་ཡིན། ཚོགས་ཐོག་ནས་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་འགོད་བཅུ་བཞི་པ་དང་ཉིས་སྟོང་སོ་ལྔ་ལོའི་ཡུན་རིང་གི་དམིགས་འབེན་སྒྲིག་བཟོ་བྱེད་པའི་སྐོར་གྱི་གྲོས་གཞི་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། 2020ལོའི་བྱ་བར་སྤྱི་སྡོམ་བྱས་ལ། 2021ལོའི་བྱ་བ་བཀོད་སྒྲིག་བྱས་ཏེ། ཏང་ཀྲུང་དབྱང་གི་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་འཕེལ་རྒྱས་ཇུས་ཆོད་བཀོད་སྒྲིག་ཁྱོན་ཡོངས་ནས་ལག་བསྟར་བྱེད་པའི་འགོ་བཟང་བོ་བརྩམས།

ཟླ་བཅུ་གཉིས་པའི་ཚེས་ཉེར་བརྒྱད་ཉིན། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ཟི་ལིང་ནས་ཚོགས་ཏེ། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་དགོངས་དོན་ངོ་སྤྲོད་དང་འགྲེལ་ཀློག་བྱས།

སྒྲོག་སྤེལ་ཚོགས་འདུའི་སྟེང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་། ཞིང་ཆེན་ཏང་ཨུའི་གསར་འགྱུར་སྒྲོག་སྤེལ་པ་ཁྲིན་རུའེ་ཧྥིན་གྱིས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་གཞི་རྩའི་གནས་ཚུལ་དང་དོན་སྙིང་གལ་ཆེན། ཁྱད་ཆོས་གཙོ་བོ། གྲུབ་འབྲས་གལ་ཆེན་བཅས་ཐད་ནས་སྒྲོག་སྤེལ་བྱས། ཞིང་ཆེན་ཏང་ཨུའི་དྲུང་ཡིག་ཆེན་མོ་གཞོན་པ། ཞིང་ཆེན་ཏང་ཨུའི་སྲིད་ཇུས་ཞིབ་འཇུག་ཁང་གི་ཀྲུའུ་རིན་ཡུས་མེན་ཀྲིན་དང་། ཞིང་ཆེན་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་ཏང་ཞོ་ཡུང་། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་གྱི་ཏང་ཙུའུ་ཁོངས་མི། ཐིན་ཀྲང་གཞོན་པ་ཆི་མེན་བཅས་ཀྱིས་གསར་འགོད་པའི་དྲི་བར་ལན་བཏབ་ནས། ཟུར་སྣེ་མི་འདྲ་ས་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་འགྲེལ་ཀློག་བྱས། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་གཞོན་པ། ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་སྒྲུབ་ཁང་ཀྲུའུ་རིན་སུང་ཅང་ཐོ་ཡིས་སྒྲོག་སྤེལ་ཚོགས་འདུར་འགོ་མཛིན་བྱས།

ཁྲིན་རུའེ་ཧྥིན་གྱིས་ཚང་འཛོམས་གྲོས་ཚོགས་ཀྱི་དོན་སྙིང་གལ་ཆེན་ངོ་སྤྲོད་བྱེད་སྐབས་བཤད་རྒྱུར། ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ནི་རང་ཞིང་འཕེལ་རྒྱས་ཀྱི་དུས་རིམ་གསར་བར་བསྐྱོད་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་གནད་འགག་དུས་སྐབས་སུ་བསྡུས་པའི་སྤྱི་ཡོངས་རང་བཞིན་དང་ལོ་རྒྱུས་རང་བཞིན་གྱི་དོན་སྙིང་ལྡན་པའི་གྲོས་ཚོགས་གལ་ཆེན་ཞིག་ཡིན།

ཁྲིན་རུའེ་ཧྥིན་གྱིས་བཤད་རྒྱུར། ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ཀྱི་གྲུབ་འབྲས་ཆེས་གལ་ཆེ་ནི་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་འགོད་བཅུ་བཞི་པ་དང་ཉིས་སྟོང་སོ་ལྔ་ལོའི་ཡུན་རིང་གི་དམིགས་འབེན་སྒྲིག་བཟོ་བྱེད་པའི་སྐོར་གྱི་གྲོས་གཞི་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དེ་ཡིན་ལ། གྲོས་གཞི་ཡིས་འཕེལ་རྒྱས་ཀྱི་དུས་རིམ་གསར་བར་རང་ཞིང་གི་མདུན་དུ་ལྷགས་པའི་གོ་སྐབས་དང་འགྲན་རྩོད་ལ་དབྱེ་ཞིབ་ཟབ་མོ་བྱས་པ་དང་། ཉིས་སྟོང་སོ་ལྔ་ལོར་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཡུན་རིང་དམིགས་འབེན་ཧ་ལམ་མངོན་འགྱུར་བྱེད་པར་རྒྱང་ལྟ་བྱས་ལ། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྐབས་ཀྱི་རང་ཞིང་འཕེལ་རྒྱས་ཀྱི་མཛུབ་ཁྲིད་བསམ་བློ་དང་དམིགས་འབེན་གཙོ་བོ། ལས་འགན་གཙོ་བོ། བྱེད་ཐབས་གཙོ་བོ་གསལ་བོར་བཏོན་པ་དང་། གཅིག་བསྡུས་སྒོས་དུས་རབས་གསར་བར་རྐང་འཛུགས་པ་དང་དུས་རིམ་གསར་བར་རྒྱུས་ལོན་བྱེད་པ། འདུ་ཤེས་གསར་བ་ལག་བསྟར་བྱེད་པ། རྣམ་པ་གསར་བ་འཛུགས་པ། མཚོ་སྔོན་གྱི་ཅི་འདྲའི་འཕེལ་རྒྱས་མངོན་འགྱུར་བྱེད་པ་དང་ཅི་ལྟར་འཕེལ་རྒྱས་མངོན་འགྱུར་བྱེད་པ་བཅས་ཀྱི་གནད་དོན་གཙོ་བོར་ལན་བཏབ། ཚང་མས་ཡོངས་ཁྱབ་ཏུ། གྲོས་གཞིས་ཀྲུང་དབྱང་གི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དང་དུས་རབས་ཀྱི་ཁྱད་ཆོས་མངོན་པར་བྱས་པ་དང་། མཚོ་སྔོན་གྱི་གནས་ཚུལ་དངོས་དང་མཐུན་ལ། དེ་ནི་མཚོ་སྔོན་གྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་འཐབ་ལམ་གསར་བ་འགོ་རྩོམ་པ་དང་། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་ལག་བསྟར་བྱེད་པའི་རྩ་གནད་རང་བཞིན་གྱི་ཡིག་ཆ་དང་། རྗེས་ཕྱོགས་ཀྱི་ལོ་ལྔ་དང་ཐ་ན་དུས་སྐབས་དེ་ལས་རང་བོར་རང་ཞིང་གི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་འགུལ་སྐྱོད་ཕྱོགས་སྟོན་ཡིན།

ཁྲིན་རུའེ་ཧྥིན་གྱིས་ངོ་སྤྲོད་བྱེད་རྒྱུར། གྲོས་གཞིའི་ཁྱད་ཆོས་ནི། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་ལ་དམིགས་པ་དང་། ཀྲུང་དབྱང་གི་གྲོས་གཞི་གཞིར་འཛིན་པ། ཏན་ཏན་ཏིག་ཏིག་བཞིའི་དོན་སྙིང་གལ་ཆེན་ལག་བསྟར་ཟབ་མོ་བྱེད་པ། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་གཙོར་བྱེད་པ། སྤྱི་ཁོག་གི་གྲུབ་ཚུལ་དང་འཕེལ་རྒྱས་ཀྱི་གཙོ་གནད་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། ཁྱབ་ཁོངས་སོ་སོ་ནས་འཐབ་ཇུས་རང་བཞིན་དང་གསར་གཏོད་རང་བཞིན་ལྡན་པའི་བྱེད་ཐབས་རབ་དང་རིམ་པ་བཏོན་པ་བཅས་རེད་ཟེར།

                                                                                                                         ལོ་ཙཱ་བ། རིན་ཆེན་མཚོ།