ཏོག་དབྱིབས་ནད་དུག་གློ་ཚད་ཀྱི་སྔོན་འགོག་ཤེས་བྱ།
2020.01.29 ཁུངས། ཀློག་གྲངས། 63

ཐེངས་འདིར་བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་དོས་དྲག་སྡེ་ཁག་གི་ཀྲུའུ་རེན་དང་འབུམ་གཞོན་སྨན་པ། ལྗོངས་སྨན་རྩིས་ཁང་ཏོག་དབྱིབས་ནད་དུག་ནད་ཡམས་འགོག་བཅོས་ཚོགས་ཆུང་གི་ཚོགས་གཙོ་རྒྱལ་པོ་ལགས་གདན་ཞུས་ཀྱིས་ཏོག་དབྱིབས་ནད་དུག་གློ་ཚད་ཀྱི་ངོ་བོ་དང་ནད་རྟགས། སྔོན་འགོག་བྱ་ཐབས་སོགས་ཀྱི་སྐོར་ནས་གསལ་འགྲེལ་གནང་ཡོད།

གང་འདྲ་ཞིག་ལ་ཏོག་དབྱིབས་ནད་དུག་ཟེར།

ཏོག་དབྱིབས་ནད་དུག་ནི་རང་བྱུང་ཁམས་སུ་རྒྱ་ཁྱབ་ཏུ་གནས་པའི་ནད་དུག་ཁག་ཅིག་ཡིན། ནད་དུག་འདིའི་བཟོ་ལྟ་གློག་རྡུལ་ཆེ་ཤེལ་འོག་ཏུ་རྒྱལ་པོའི་ཅོད་པན་ལྟར་ཏོག་དབྱིབས་ཡིན་པའི་རྐྱེན་གྱིས་མིང་འདི་ལྟར་ཐོགས། མིག་སྔར་ཤེས་རྟོགས་བྱུང་བར་ནད་དུག་འདི་རིགས་སྒལ་ཚིགས་ཅན་གྱི་སེམས་ཅན་ལ་འགོ་བ་དང་། མི་དང་སྲོག་ཆགས་ཀྱི་དབུགས་ལམ་དང་། འཇུ་ལམ། དབང་རྩའི་མ་ལག་ལ་གཉེན་ཚད་འགྲོ་བའི་ནད་དུག་རིགས་ཤིག་ཡིན།

དེའི་ནད་ཐོག་མངོན་ཚུལ་ལམ་ནད་རྟགས་གང་འདྲ་ཡོད།

ཚ་བ་རྒྱས་པ་དང་། ཐང་ཆད་པ། སྐམ་གློ་ལུ་བ། དེ་ནས་རིམ་བཞིན་དབུགས་འཚངས་བའམ་དབུགས་གཏོང་དཀའ་བ། ཚབས་ཆེ་བར་མྱུར་བའི་རང་བཞིན་གྱི་འབྱིན་རྔུབ་དཀའ་བའི་ཕྱོགས་བསྡུས་ནད་རྟགས་དང་། ཁྲག་དུག་ཕོག་ནས་བརྒྱལ་བ། ཚབ་བརྗེ་རང་བཞིན་གྱི་སྐྱུར་དུག་ཕོག་པ་དང་ཁྲག་ཐོན་དཀག་པའི་ནུས་པ་བསྐྱར་བཅོས་བྱེད་དཀའ་བ། ནད་པ་ཁ་ཤས་ཀྱི་ནད་རྟགས་ཡང་མོ་ཡིན། ཚ་བ་ཡང་རྒྱས་ཀྱི་མེད། ནད་པ་མང་ཆེ་བར་ནད་ཡང་བ་དང་། སྨན་བཅོས་བྱས་རྗེས་ཅུང་བཟང་བ། ནད་པ་ཉུང་ཤས་ཀྱི་ནད་གཞི་ཚབས་ཆེ་བ། ཐ་ན་འཆི་བ་བཅས་ཡིན།

དགུན་དཔྱིད་དབུགས་ལམ་གྱི་འགོས་ནད་ཇི་ལྟར་སྔོན་འགོག་བྱེད་དགོས།

ཡང་དག་པའི་ཁ་རས་གྱོན་སྟངས།