ཉེ་ལམ་གྲངས་ཉུང་མི་རིགས་འདུས་སྡོད་ས་ཁུལ་དང་ལྷག་པར་ཏུ་བོད་ཁུལ་གྱི་སྤྱི་བའི་སྨན་བཅོས་འཕྲོད་བསྟེན་སྒྲིག་ཆས་ཞན་པའི་གནས་ཚུལ་དང་མི་དམངས་ཀྱི་ནད་དུག་འགོག་སྲུང་གི་ཤེས་བྱ་དམན་པ་བཅས་ལ་གཞིགས་ཏེ་མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡིས་ཕྱོགས་ཡོངས་ནས་སྤྱི་ཁྱབ་ཧྲུའུ་ཅུ་ཞི་ཅིན་ཕིང་གི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་དགོངས་དོན་གལ་ཆེན་དང་ཕྱོགས་ཡོངས་ནས་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་བཀོད་སྒྲིག་དངོས་འབེབ། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གི་འབྲེལ་ཡོད་བྱ་བའི་རེ་བ་ལྟར་འགན་འཁྲི་དངོས་འབེབ་དང་ནད་དུག་འགོག་སྲུང་གི་བྱ་བ་སེམས་ཞིབ་མོས་ཁྱབ་བསྒྲགས་བྱ་ཆེད་མཚོ་སྔོན་མི་རིགས་དཔེ་བསྐྲུན་ཁང་ལ་ཕྱོགས་ཡོང་ནས་རྒྱབ་སྐྱོར་བྱས་ཏེ་བྲེལ་མྱུར་གྱིས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་མང་ཚོགས་ཀྱིས་ཇི་ལྟར་འགོག་སྲུང་བྱེད་པའི་སྐོར་གྱི་ཤེས་བྱ་ཞེས་པ་པར་བསྐྲུན་བྱས་ཏེ་བོད་ཁུལ་མང་ཚོགས་ཀྱི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོག་སྲུང་གི་བྱ་བའི་དགོས་མཁོ་བསྐང་སྟེ་མི་དམངས་ཀྱི་འགོག་སྲུང་ནུས་པ་ཇེ་མཐོར་བཏང་།
ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་མང་ཚོགས་ཀྱིས་ཇི་ལྟར་འགོག་སྲུང་བྱེད་པའི་སྐོར་གྱི་ཤེས་བྱ་ཞེས་པ་ནི་ཀྲུང་གོའི་རིམས་ནད་འགོག་སྲུང་ལྟེ་གནས་ཀྱིས་རྩོམ་སྒྲིག་བྱས་པ་ཡིན་ལ་མི་དམངས་འཕྲོད་བསྟེན་དཔེ་བསྐྲུན་ཁང་གིས་པར་ཏུ་བསྐྲུན། མཚོ་སྔོན་མི་རིགས་དཔེ་བསྐྲུན་ཁང་གིས་རྩོམ་སྒྲིག་ཚན་ཆུང་རྩ་འཛུགས་བྱས་ཏེ་ད་ལོའི་རྒྱ་ལོའི་ལོ་སར་སྐབས་སུ་རྩོམ་སྒྱུར་བྱས་ཏེ་གྲུབ་པ་ཞིག་ཡིན།