བོད་ཀྱི་སྨན་པ་གྲགས་ཅན་འདི་དག་གིས་བོད་མི་ཚོ་ལ་གནང་བའི་དྲན་སྐུལ།
2020.02.03 ཁུངས། ཀློག་གྲངས། 53


 ཉེ་སྔོན་མདོ་དབུས་མཐོ་སྒང་དུའང་གློ་བའི་རིམས་ནད་གསར་པའི་ནད་པ་ཁ་ཤས་བྱུང་ཡོད་པ་དང་།  རིམས་ནད་དེ་སྔོན་འགོག་བྱེད་སྟངས་སྐོར་ལ་དེང་རབས་ཆ་འཕྲིན་ལག་རྩལ་སོགས་ཀྱི་འབྲེལ་ལམ་བརྒྱུད་ནས་བོད་རིགས་མང་ཚོགས་ལ་ངོ་སྤྲོད་བྱེད་བཞིན་ཡོད།  དེ་རིང་ངེད་རྩོམ་སྒྲིག་ཁང་གིས་ཀྱང་རོང་འབྲོག་མང་ཚོགས་ལ་ཁ་ཚ་དགོས་གཏུགས་སུ་གྱུར་བའི་རིམས་ནད་སྔོན་འགོག་སྐོར་གྱི་ཤེས་བྱ་དང་བོད་ཀྱི་སྲོལ་རྒྱུན་གྱི་རིམས་ནད་སྔོན་འགོག་བྱེད་ཐབས་ཇི་ལྟར་ཡིན་པ་སོགས་ཀྱི་གནས་ཚུལ་རྣམས་དེ་བཞིན་དུ་གསལ་བའི་ཕྱིར་དུ།  མི་ཚེ་ཧྲིལ་པོར་བོད་ཀྱི་གསོ་བ་རིག་པ་ལ་སློབ་སྦྱོང་དང་ལག་ལེན་བྱས་ཤིང་།  མདོ་དབུས་ཁམས་གསུམ་ལ་སྙན་གྲགས་མི་དམན་པ་མངའ་བའི་བོད་ཀྱི་ལྷ་རྗེ་ཁག་ཅིག་ལ་གློ་བའི་རིམས་ནད་གསར་པའི་སྐོར་ལ་བཅར་འདྲི་ཞུས་ཡོད་པས། རྒྱ་ཆེའི་མང་ཚོགས་རྣམས་ཀྱིས་དེ་ལ་གསན་ནས་ཁོང་རྣམ་པའི་གསུང་ལྟར་རང་གཞན་ཀུན་གྱི་བདེ་ཐང་གི་ཆེད་དུ་ལག་ལེན་བསྟར་བར་གཅེས།

༡ བོད་ལྗོངས་བོད་ལུགས་གསོ་རིག་སློབ་གླིང་གི་སྨན་རམས་པ་བསོད་ནམས་འཆི་མེད།

༢ རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི། དཀར་མཛེས་ཁུལ་བོད་སྨན་ཁང་གི་དབུ་གཙོ་གཞོན་པ་གཉའ་རྒྱལ་མཚན།

༣ ལྷོ་ནུབ་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཐུབ་བསྟན་ཕུན་ཚོགས།

༤ ལྷོ་ནུབ་མི་རིགས་སློབ་ཆེན་སྨན་རིག་གླིང་གི་དགེ་རྒན་ཆེན་མོ་བདུད་འདུལ།

༥ སྡེ་དགེ་རྫོང་སྨན་རྩིས་ཁང་གི་དབུ་འཛིན་བྱང་དགའ།

                                                        ཡོང་ཁུངས། གངས་ལྗོངས་ཉི་གཞོན།