ཏོག་དབྱིབས་ནད་དུག་མཁའ་དབུགས་ཀྱི་ཁྲོད་དུ་ཆུ་ཚོད48ལ་རྒྱུན་བསྲིངས་ནས་ཁྱབ་ཐུབ།
2020.02.03 ཁུངས། ཀློག་གྲངས། 20

ཏོག་དབྱིབས་ནད་དུག་མཁའ་དབུགས་ཀྱི་ཁྲོད་ནས་ཆུ་ཚོད་ག་ཙམ་ལ་རྒྱུན་བསྲིངས་ནས་ཁྱབ་ཐུབ་བམ། མི་དང་མི་འབྲེལ་འདྲིས་བྱེད་པའི་བདེ་འཇགས་ཀྱི་བར་ཐག་ག་ཚོད་ཡིན་ནམ། དེས་ན་ཚང་མས་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་རིམ་མཐོའི་ཁོངས་མི། ཀྲུང་གོའི་བཟོ་སྐྲུན་ཁང་གི་ཡོན་ཧྲི་ལིས་ལན་ཅོན་གྱིས་ཇི་ལྟར་གསུངས་བར་གཟིགས་རོགས།

མི་སྣ་གང་དག་ནི་ནད་དུག་འགོས་ཡོད་པའི་གྲས་ཡིན་ནམ། 

གལ་སྲིད་ཁྱེད་རང་ཝུའུ་ཧན་ནས་ཡོང་བ་ཡིན་ན། ཁྱེད་རང་ནད་དུག་འགོས་ཡོད་པའི་མི་ཡིན་ཡང་སྲིད། ཡང་ཅིག་བཤད་ན་ང་ཚོས་ནམ་རྒྱུན་གླེང་བཞིན་པའི་བག་ཉལ་སྐབས་ཀྱི་འགོས་ནད་ལ་ཟེར་བ་ཡིན། དེ་ནི་ནད་མེད་ནའང་འགོས་ཁྱབ་རང་བཞིན་ལྡན་སྲིད་པས། མི་གཞན་ཐམས་ཅད་ལ་བསྒོ་སྲིད། དེ་བས། ཝུའུ་ཧན་ནས་ཡོང་བ་ཡིན་ཚེ། ངས་བསམ་ན་གསོ་རིག་གི་ཐབས་ཤེས་ལྟར་གཟའ་འཁོར་གཉིས་ལྷག་ལ་ལྟ་རྟོག་བྱས་ན་འགྲིག རྒྱུ་མཚན་ཅི་ཡིན་ཟེར་ན། དོན་དངོས་སུ་ཁྱིམ་དུ་བསྡད་ནས་ལོགས་སུ་བཀར་དགོས་པ་ཡིན་ལ། དེ་ཡང་ཕྱོགས་གཅིག་ནས་མི་ཁོ་རང་ཉིད་ལ་ནད་བྱུང་ཡོད་མེད་ལྟ་རྟོག་བྱེད་པའི་ཆེད་དང་ཕྱོགས་གཞན་ཞིག་ནས་མི་གཞན་ལ་འགོ་བར་སྔོན་འགོག་བྱེད་པའི་ཆེད་ཡིན། གལ་སྲིད་ལོགས་བཀར་བྱས་ནས་ཉིན་14འགོར་རྗེས་ནད་མ་བྱུང་ཚེ། གཞི་རྩའི་སྟེང་ནས་བག་ཉལ་གྱི་སྐབས་ཀྱང་མཇུག་རྫོགས་པ་ཡིན་ལ། དེ་ལ་ནད་ཀྱང་མེད་པས་གནད་དོན་མེད་པ་རེད། ཡང་མི་ལ་ལར་ནད་འབྱུང་སྲིད་པ་ཡིན། ཡང་མི་ལ་ལར་མཚོན་ན། རང་སྟེང་གི་ནད་འགོག་ནུས་པ་དྲག་པས། རང་བཞིན་གྱིས་དྲག་བསྐྱེད་ཡོང་ཐུབ།

ཏོག་དབྱིབས་ནད་དུག་མཁའ་དབུགས་ཀྱི་ཁྲོད་ནས་ཆུ་ཚོད་ག་ཙམ་ལ་རྒྱུན་བསྲིངས་ནས་ཁྱབ་ཐུབ་བམ། 

ཏོག་དབྱིབས་ནད་དུག་ནི་སྐམ་གཤིས་ལྡན་པའི་ཁོར་ཡུག་གི་ཁྲོད་དུ་ཆུ་ཚོད48ལ་རྒྱུན་བསྲིངས་ནས་ཁྱབ་ཐུབ་དང་། མཁའ་དབུགས་ཀྱི་ཁྲོད་ནས་ཆུ་ཚོད༢འགོར་རྗེས་ནད་དུག་གི་དྲག་ཚད་མངོན་གསལ་གྱིས་མར་ཆགས་ངེས་ཡིན། 

 མི་དང་མི་འབྲེལ་འདྲིས་བྱེད་པའི་བདེ་འཇགས་ཀྱི་བར་ཐག་ག་ཚོད་ཡིན་ནམ།

སྤྱིར་བཏང་དུ་བཤད་ན། ཉེ་ས་ནས་འབྲེལ་འདྲིས་བྱས་ན་མཆིལ་རྡུལ་སོགས་ཀྱི་རྐྱེན་ཀྱིས་འགོས་ཁྱབ་འབྱུང་སླ་བས། བར་ཐག་ཅུང་རིང་ས་འབྲེལ་འདྲིས་བྱས་ན་བཟང་། ཧ་ལམ་སྨི1.5ནས2གཉིས་ཀྱི་བར་ཐག་ནས་འབྲེལ་འདྲིས་བྱས་ནས་ཅུང་བདེ་འཇགས་ཡིན།

གསར་འགོད་པ་ཐུབ་བསྟན་གྱིས་ཁྲང་ཡུན་དྲ་བ་ལས་བསྒྱུར