གཏམ་བཟང་། མཚོ་སྔོན་གྱི་ནད་པ3སངས་དྲག་བྱུང་།
2020.02.05 ཁུངས། ཀློག་གྲངས། 11238

སྨན་བཅོས་རུ་ཁག་གིས་སྨན་བཅོས་ཞིབ་ཚགས་དང་ནད་སྐྱོང་ལེགས་པོ་བྱས་མཐར།  མཚོ་སྔོན་ཞིང་ཆེན་གྱི་ཏོག་དབྱིབས་ནད་དུག་གི་གློ་ཚད་ཕོག་མཁན་མི་3ཟླ་2པའི་ཚེས་5ཉིན་གྱི་སྔ་དྲོའི་ཆུ་ཚོད་9དང་སྐར་མ30ཐོག་མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་བཞི་པ་ལས་སངས་དྲག་བྱུང་སྟེ་སྨན་ཁང་ལས་སྒོར་བུད། ནད་པ་3གྱི་ཁྲོད་ལོ་ན་ཆུང་ཤོས་ལོ་7དང་།  ཆེ་ཤོས་ལོ་42ཡིན་ལ་ཁྱིམ་ཚང་གཅིག་ཡིན་པ་རེད།

གསར་འགོད་པ་ལྕགས་ཐར་ཚེ་རིང་ནས་བཀོད་པའི་གསར་འགྱུར།