རི་མོ་འགའ་ཡིས་རིམས་འགོག་ཁྲོད་བྱིས་པ་ཚོས་ཇི་ལྟར་བྱེད་དགོས་པ་བསྟན།
2020.02.07 ཁུངས། ཀློག་གྲངས། 138


འདི་ནི་དམིགས་བསལ་གྱི་གུང་གསེང་ཞིག་ཡིན་ཏེ། ཉིན་རེ་བཞིན་རིམས་ནད་མུ་མཐུད་དུ་འཕེལ་བཞིན་ཡོད་ལ། ཉིན་རེར་ཁྱབ་བསྒྲགས་བྱས་པའི་ནད་པའི་ཁ་གྲངས་ཀྱིས་མི་སེམས་ལ་རང་དབང་མེད་པར་འཇིགས་སྣང་བསྐྱལ་ཡོང་། གང་ལྟར། དཀའ་ངལ་ཇི་འདྲར་འཕྲད་ཀྱང་བྱིས་པ་ཚོ་ནི་ནམ་ཡང་ང་ཚོའི་རེ་བའི་ཉི་གཞོན་ཡིན། 

རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱ་རྒྱུ་ནི་ང་ཚོ་མི་རེ་རེའི་ཕྲག་ཏུ་ལྷུང་བའི་འོས་འགན་ཡིན་ལ། དེའི་ཁྲོད་དུ་བྱིས་པ་དག་ཀྱང་མེད་མི་རུང་། དུས་སྐབས་འདི་འདྲར། བྱིས་པ་ཚོས་དར་མ་དག་དང་མཉམ་དུ་རིམས་ནད་ལ་ཤེས་རྟོགས་དང་རྒྱུས་ལོན་བྱ་དགོས།

    དེར་བརྟེན། ཐིན་ཞོན་སྤྱི་ཕན་གྱིས་ཀྲུང་གོའི་བྱིས་པའི་ལྟེ་གནས་དང་། ཀྲུང་གོའི་མི་འབོར་དྲིལ་སྒྲོག་སློབ་གསོ་ལྟེ་གནས་གཉིས་དང་མཉམ་འབྲེལ་སྒོས་བྱིས་པ་དག་ལ་འཚམས་པའི་རི་མོ་སྣ་ཚོགས་ཇུས་འགོད་བྱས་ཤིང་། གོ་བདེ་ཤེས་སླའི་རྣམ་པའི་ཐོག་ནས་རིམས་ནད་ངོ་སྤྲོད་དང་ནད་དུག་འགོག་བཅོས་ཀྱི་ཤེས་བྱ་འགྲེལ་བཤད་བྱས།

    རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་རིག་གནས་དྲིལ་སྒྲོག་སི་ཡི་མཛུབ་སྟོན་འོག མི་རིགས་དཔེ་སྐྲུན་ཁང་གིས་སོག་ཡིག་དང་། བོད་ཡིག ཡུ་གུར་གྱི་ཡི་གེ་སོགས་གྲངས་ཉུང་མི་རིགས་ལྔ་ཡི་ཡི་གེའི་པར་གཞི་བཏོན་ནས་གྲངས་ཉུང་མི་རིགས་ཀྱི་བྱིས་པ་དག་ལ་ཚན་རིག་ཁྱབ་གདལ་གྱི་ཤེས་བྱ་དྲིལ་སྒྲོག་བྱེད་བདེ་བོ་བྱས། 

བྱིས་པ་ཚོའི་གུང་གསེང་སྤྲོ་བོ་ཡོང་བ་དང་།  ཐེངས་འདིའི་རིམས་ནད་སྔ་མོ་ནས་མཇུག་སྒྲིལ་བར་ཤོག

གསར་འགོད་པ་ལྕགས་ཐར་ཚེ་རིང་གིས་བསྒྱུར།