མིང་དང་ཐོབ་ཐང་ལག་འཁྱེར་གྱི་ཨང་གྲངས་གཏག་ན་རང་ཉིད་ནད་དང་འབྲེལ་བ་དམ་ཟབ་ཅན་ཡིན་མིན་ཤེས་ཐུབ།
2020.02.09 ཁུངས། ཀློག་གྲངས། 21

གངས་ལྗོངས་མེ་ལོང་དྲ་བའི་འཕྲིན། གསར་འགོད་པ་ཐུབ་བསྟན་་གྱིས་མཚོ་སྔོན་གསར་འགྱུར་དྲ་བ་ལས་བསྒྱུར། 

མིག་སྔར། མང་ཚོགས་ཡོངས་ཀྱིས་རང་ཉིད་ལ་ཏོག་དབྱིབས་རིམས་ནད་འགོས་ཡོད་མེད་སེམས་ཁྲལ་བྱེད་ཀྱི་ཡོད་པ་མ་ཟད། ནད་རྟགས་ཐག་བཅད་པའི་ནད་པའམ་དོགས་ཡོད་ནད་པ་དང་མཉམ་དུ་རླངས་འཁོར་གཅིག་པའམ་མེ་འཁོར་གཅིག་པ། གནམ་གྲུ་གཅིག་པ་རུ་བསྡད་ནས་ནད་འགོས་ཡོད་སྲིད་སྙམ་པའི་སེམས་ཚོར་ཞིག་གིས་བློ་མི་བདེ་བར་བཏང་ཡོད་ཀྱང་སྲིད། དེས་ན་གཏམ་བཟང་ཞིག་ཡོད་པ་ནི། ཟླ2པའི་ཚེས8ཉིན་ནས་བཟུང་། མང་ཚོགས་རྣམས་ཀྱིས“ནད་དང་འབྲེལ་བ་དམ་ཟབ་ཅན་ཚད་ལེན་བྱ་ཆས”བརྒྱུད་ནས། རང་ཉིད་ནད་དང་འབྲེལ་བ་དམ་ཟབ་ཅན་ཡིན་མིན་ལ་འདྲི་རྩད་བྱས་ཆོག

མང་ཚོགས་ཀྱིས་རང་ཉིད་ཀྱི་མིང་དང་ཐོབ་ཐང་ལག་འཁྱེར་གྱི་ཨང་གྲངས་གཏག་ན་རང་ཉིད་ནད་དང་འབྲེལ་བ་དམ་ཟབ་ཅན་ཡིན་མིན་ཤེས་ཐུབ། 

གལ་སྲིད་འདྲི་རྩད་ཀྱི་མཇུག་འབྲས་ནི་“རྒྱུན་ལྡན་གྱི་མི”འཆར་བ་ཡིན་ན། ཁྱེད་ལ་རྟེན་འབྲེལ་ཞུ། 

གལ་སྲིད་འདྲི་རྩད་ཀྱི་མཇུག་འབྲས་ནི“འབྲེལ་བ་དམ་ཟབ་ཅན”འཆར་བ་ཡིན་ན། ཁྱེད་ཀྱི་སེམས་མ་ཕམ་དང་། གནས་སྐབས་སུ་སྒོ་ཕྱིར་མི་བསྐྱོད་པར་ལོགས་སུ་བཀར་ནས་འདུག་རྒྱུ་གལ། གལ་སྲིད་ལུས་པོར་ཅུང་ཙམ་མི་བདེ་བའི་སྣང་བ་འབྱུང་ན་དུས་ཐོག་ཏུ་སྨན་བཅོས་བྱ་དགོས། 

རིམས་འགོག་གི་དུས་རིམ་གསར་བའི་བྱ་བའི་ཁྱད་ཆོས་དང་མཉམ་འགྲོས་བྱ་ཆེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིན་གྱི་གློག་རྡུལ་སྲིད་དོན་གཞུང་སྒྲུབ་ཁང་དང་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་། ཀྲུང་གོའི་གློག་རྡུལ་ཚན་རྩལ་སྡེ་ཚོགས་ཀུང་ཟི་བཅས་ཀྱིས་མཉམ་འབྲེལ་སྒོས་རིམས་འགོག་གི་གཞི་གྲངས་ཆེན་མོའི་འགག་སྒྲོལ་དཔུང་སྡེ་བཙུགས་ཏེ། མྱུར་དུ“ནད་དང་འབྲེལ་བ་དམ་ཟབ་ཅན་ཚད་ལེན་བྱ་ཆས”(སྤྱི་སྟེགས)གསར་སྤེལ་བྱས། 

“ནད་དང་འབྲེལ་བ་དམ་ཟབ་ཅན་ཚད་ལེན་བྱ་ཆས”(སྤྱི་སྟེགས)འདིའི་གཞི་གྲངས་ལ་དབང་ཤུགས་ལྡན་པ་དང་དཔེ་དབྱིབས་ལ་ཡིད་རྟོན་རུང་བ། དེ་མིན་ཡང་དག་པའི་སྒོ་ནས་འདྲི་རྩད་བྱ་ཐུབ་པ་བཅས་ཀྱི་ཁྱད་ཆོས་ལྡན་ལ། ཚད་ལེན་བྱ་ཆས་འདིར་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁངདང་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ། ལྕགས་ལམ་སྤྱི་ཁྱབ་ཀུང་ཟི། དམངས་སྤྱོད་མཁའ་འགྲུལ་སྤྱི་ཁྱབ་ཅུའུ་བཅས་པུའུ་དང་ཨུ་ཡོན་ལྷན་ཁང་མང་པོའི་གཞི་གྲངས་ཐོན་ཁུངས་ཀྱི་རྒྱབ་སྐྱོར་ཐོབ་ཡོད། གཞི་གྲངས་ཀྱི་ཐོན་ཁུངས་ལ་དབང་ཤུགས་ལྡན་པ་དང་འདྲ་རྩད་ཀྱི་མཇུག་འབྲས་ཡང་དག་ཡིན་པ་མ་ཟད། མང་ཚོགས་རྣམས་ཀྱི“མི་སྒེར་གྱི་གསང་བ”ཕྱིར་མི་ཤོར་བར་འགན་ལེན་ཁག་འཁུར་བྱས་ཡོད། 

གཤམ་གྱི་རྩ་གཉིས་ཨང་རྟགས་བཤེར་ནས་མིང་དང་ཐོབ་ཐང་ལག་འཁྱེར་གྱི་ཨང་གྲངས་གཏག་ན་རང་ཉིད་ནད་དང་འབྲེལ་བ་དམ་ཟབ་ཅན་ཡིན་མིན་ཤེས་ཐུབ།