གངས་ལྗོངས་མེ་ལོང་དྲ་བའི་འཕྲིན། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་དྲ་བར་ཚེས་བརྒྱད་ཉིན་རིམས་ནད་གནས་ཚུལ་ཐད་ཀྱི་དྲི་བ་དང་དྲིས་ལན་སྒྲོག་སྤེལ་བྱས། རྒྱལ་ཁབ་རིམས་ནད་སྔོན་འགོག་ལྟེ་གནས་འགོས་ནད་ཁྲུའུ་ཡི་ཞིབ་འཇུག་པ་ཧྥིན་ལུའུ་ཀྲའོ་ཡིས་བསྟན་དོན། མིག་སྔར་ཏོག་གསར་རིམས་ནད་ནི་རླུང་ཞུ་སྤྱིན་བརྒྱུད་ནས་འགོས་པའི་བདེན་དཔང་ཅི་ཡང་མ་རྙེད་ལ། སྔར་བཞིན་གཙོ་བོ་མཆིལ་ཟེགས་དང་རེག་ཐུག་བརྒྱུད་ནས་འགོས་ཀྱི་ཡོད། ཡང་གནས་ཚུལ་དམིགས་བསལ་གྱི་འོག་ཏུ་རླུང་ཞུ་སྤྱིན་བརྒྱུད་ནས་འགོས་ཀྱང་སྲིད་དེ། དཔེར་ན་གློ་སྦུག་འཛུགས་པ་སོགས་ཆེད་ལས་ཀྱི་བྱ་བ་བྱེད་དུས་ལྟ་བུ་རེད། གལ་ཏེ་སྤྱིར་བཏང་གི་ནད་ཐོག་བདག་གཉེར་དང་བྱ་བའི་ཁྲོད། ཡང་དག་པའི་སྒོ་ནས་ཁ་ཐུམ་བརྒྱབ་སྟེ་མཆིལ་ཟེགས་སྔོན་འགོག་གི་བྱེད་ཐབས་སྤྱད་ན། བརྒྱུད་འགོས་མི་བྱེད་པར་སྲུང་སྐྱོབ་གང་ལེགས་བྱ་ཐུབ་ཟེར།
གསར་འགོད་པ་ཐུབ་བསྟན་གྱིས་བསྒྱུར།