ཟི་ལིང་གི་སྤྱི་སྤྱོད་རླངས་འཁོར་ལ་འདུག་ན་དངོས་མིང་འགོད་དགོས།
2020.02.15 ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ཀློག་གྲངས། 79

  ཟི་ལིང་གྲོང་ཁྱེར་གྱི་ཏོག་གསར་གློ་ཚད་སྔོན་འགོག་ཐག་གཅོད་བྱ་བའི་མཛུབ་སྟོན་པུའི་སྔོན་འགོག་བླང་བྱ་དང་། ཕྱི་ནང་གཉིས་ཀའི་རིམས་ནད་སྔོན་འགོག་བྱེད་ཐབས་གཟབ་ནན་སྒོས་ལག་བསྟར་དོན་འཁྱོལ་བྱེད་པ། གྲོང་ཁྱེར་སྡོད་དམངས་ཀྱི་སྤྱི་བའི་འགྲོ་འོང་གི་དགོས་མཁོ་བསྐང་ཕྱིར་དང་། རྒྱ་ཆེའི་གྲོང་མིའི་བདེ་ཐང་དང་འགྲོ་འོང་བདེ་འཇགས་ལ་འགན་ལེན་བྱ་ཆེད། ཟི་ལིང་སྤྱི་སྤྱོད་རླངས་འཁོར་སྡེ་ཚོགས་ཀྱིས་སྤྱི་སྤྱོད་རླངས་འཁོར་སྐྱེལ་འདྲེན་སྐབས་ཀྱི་རིམས་ནད་དོ་དམ་ཚོད་འཛིན་ལ་སྔར་ལས་ལྷག་པའི་ཤུགས་བསྣན་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་སྐབས་དོགས་ཡོད་ནད་པས་འགྲོ་འོང་དུས་ལྟར་གསལ་པོར་ཤེས་ཐུབ་པར་འགན་ལེན་བྱེད་པར། “སྦྲེལ་དྲ+གཞི་གྲངས་ཆེན་མོ”བརྒྱུད་ནས་སྤྱི་སྤྱོད་རླངས་འཁོར་ལ་འདུག་མཁན་གྱི་ཐོབ་ཐང་དང་བདེ་ཐང་གི་གནས་ཚུལ། དེ་མིན་རིམས་ནད་འགོས་ཡོད་མེད་ཀྱི་གནས་ཚུལ་གསལ་པོར་ཤེས་པར་མངོན་འགྱུར་བྱ་རྒྱུ་རེད།

  2020ལོའི་ཟླ2པའི་ཚེས17ཉིན་ནས་བཟུང་། ཟི་ལིང་གྲོང་ཁྱེར་ནས་སྤྱི་སྤྱོད་རླངས་འཁོར་ལ་འདུག་པར། རྩ་བཤེར་ཨང་གཉིས་བརྒྱུད་དངོས་མིང་ཐོ་འགོད་སྒོས་སྤྱི་སྤྱོད་རླངས་འཁོར་ལ་འདུག་པའི་ལམ་ལུགས་ལག་བསྟར་བྱ་རྒྱུ་རེད།

ལོ་ཙཱ་བ། ལྷ་ཆེན་རྒྱལ།

གོང་གི་འཕྲིན་སྟེགས་གང་རུང་ནས་དངོས་མིང་ཐོ་འགོད་བྱ་ཆོག