འགྲིམ་འགྲུལ་གསར་འགྱུར་སྐོར་ཞིག་དང་འབྲེལ་ནས་རིམས་ནད་སྔོན་འགོག་སྐབས་མཉམ་འཇོག་དགོས་པའི་བླང་བྱ་འགའ།
2020.02.17 ཁུངས། ཀློག་གྲངས། 244

ཐེངས་འདིའི་གདན་ཞུའི་སྐུ་མགྲོན།  མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་སྤྱི་བདེ་འགྲིམ་འགྲུལ་རུ་ཆེན་གྱི་འགྲིམ་འགྲུལ་ཉེན་རྟོག་པ།  ལྷ་ལུང་ཚེ་རིང་།

མདོ་འཛིན་པ་དང་རྩོམ་སྒྲིག་པ། སྟོབས་ལྡན་རྒྱལ།

རྩོམ་སྒྲིག་འགན་ཁུར་བ། བསོད་ནམས་དོན་འགྲུབ།

ལྟ་སྐུལ་བ། ལྷ་བརྟན།

སྤྱིའི་ལྟ་སྐུལ་བ། ཆོས་ཕྱུག་རྒྱལ།

དེ་རིང་ནས་བཟུང་རྒྱལ་ཡོངས་སུ་ལམ་ཁྲལ་བསྡུ་རྒྱུ་མ་རེད། 

གསར་འགོད་པས་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ནས་རྒྱུས་ལོན་པ་ལྟར་ན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། ཟླ2པའི་ཚེས17ཉིན་གྱི་ཆུ་ཚོད0ནས་བཟུང་། རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བ་མཇུག་བསྒྲིལ་བའི་བར་དུ། རྒྱལ་ཡོངས་ཀྱི་ལམ་ཁྲལ་སྤྲོད་སའི་གཞུང་ལམ་དུ་ལམ་ཁྲལ་བསྡུ་རྒྱུ་མིན་ཞིང་། ཞིབ་ཕྲའི་མཇུག་བསྡུ་དུས་ཚོད་ཟུར་དུ་བརྡ་ཐོ་གཏང་རྒྱུ་རེད།

རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་རིན་མེད་ཁྱབ་ཁོངས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལམ་བཅའ་ཁྲིམས》དང《གྲོན་བསྡུའི་གཞུང་ལམ་དོ་དམ་སྲོལ་ཡིག》གི་གཏན་འབེབས་དང་མཐུན་ཞིང་། ཁྲིམས་ལྟར་ཆོག་མཆན་ཐོབ་ནས་བཙུགས་པའི་ལམ་ཁྲལ་སྤྲོད་སའི་གཞུང་ལམ(གྲོན་བསྡུའི་ཟམ་པ་དང་ཕུག་ལམ་ཚུད)ཚང་མའི་སྟེང་དུ། ཤར་གཏོང་བྱེད་པའི་རླངས་འཁོར་ཡོད་ཚད་ལ་ཁྲལ་ལེན་རྒྱུ་མ་རེད།

ལེ་ཚན་འདི་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་དང་མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་ཉེན་རྟོག་སྤྱི་ཁྱབ་རུ་ཁག་གཉིས་ཀྱིས་མཉམ་བསྒྲུབས་བྱས་པ་ཡིན།

འབྲེལ་གཏུག་བྱེད་ས། བཀྲ་ཤིས་དོན་འགྲུབ། ཁ་པར་ཨང་གྲངས། 18609789893 སྐད་འཕྲིན། zha253974201

ཟླ་བཟང་སྒྲོལ་མ། ཁ་པར་ཨང་གྲངས། 17730921766   སྐད་འཕྲིན། 309058444

སྟོབས་ལྡན་རྒྱལ། ཁ་པར་ཨང་གྲངས།  15597675771 སྐད་འཕྲིན། 610117993

སྟོབས་ལྡན་བཀྲ་ཤིས། ཁ་པར་ཨང་གྲངས། 17797088309 སྐད་འཕྲིན། 770583228

རྩ་གཉིས་ཨང་བཤེར་འདི་མནན་ནས་མཚོ་སྔོན་བོད་སྐད་རླུང་འཕྲིན་གྱི་སྐད་འཕྲིན་སྤྱི་སྟེགས་ལ་དོ་ཁུར་བྱས་ཆོག