མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཆེད་དོན་གྲོས་ཚོགས་དང་མཚོ་སྔོན་ཞིང་ཆེན་རིམས་ནད་འགོག་བཅོས་ཚོད་འཛིན་བྱ་བའི་བཀོད་འདོམ་པུའུ་ཡི་གྲོས་ཚོགས་ཐེངས་གསུམ་པ་བསྡུས། 
2020.01.31 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 61

མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཆེད་དོན་གྲོས་ཚོགས་དང་མཚོ་སྔོན་ཞིང་ཆེན་རིམས་ནད་འགོག་བཅོས་ཚོད་འཛིན་བྱ་བའི་བཀོད་འདོམ་པུའུ་ཡི་གྲོས་ཚོགས་ཐེངས་གསུམ་པ་ཟླ་དང་པོའི་ཚེས་སུམ་ཅུའི་ཉིན་ཟི་ལིང་ནས་བསྡུས། གྲོས་ཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མིག་སྔར་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་འགོག་བཅོས་ཚོད་འཛིན་བྱ་བའི་ཐད་བཏོན་པའི་མཛུབ་སྟོན་གལ་ཆེན་དང་། ཀྲུང་གུང་ཀྲུང་དབྱང་གི་ཏང་གི་མགོ་ཁྲིད་ལ་ཤུགས་སྣོན་པ་དང་རིམས་ནད་འགོག་བཅོས་ཚོད་འཛིན་འཐབ་རྩོད་ཀྱི་རྒྱལ་ཁ་ལེན་པར་ཆབ་སྲིད་ཀྱི་འགན་སྲུང་འདོན་སྤྲོད་བྱེད་པའི་སྐོར་གྱི་བརྡ་ཐོ། ཀྲུང་དབྱང་གི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་འགོག་བཅོས་བྱ་བའི་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཀྱི་དགོངས་དོན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་རིམས་ནད་འགོག་བཅོས་ཚོད་འཛིན་བྱ་བའི་བཀོད་འདོམ་པུའུ་ཡི་བཀོད་འདོམ་དཔོན་པོ་ཝང་ཅན་ཅུན་གྱི་བྱ་བའི་རེ་བ་བཅས་བརྒྱུད་སྒྲོག་སློབ་སྦྱོང་བྱས་ཏེ། རྗེས་ཕྱོགས་ཀྱི་རིམས་ནད་འགོག་བཅོས་ཚོད་འཛིན་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས། ཧྲིན་ཀྲང་། ཞིང་ཆེན་རིམས་ནད་འགོག་བཅོས་ཚོད་འཛིན་བྱ་བའི་བཀོད་འདོམ་པུའུ་ཡི་བཀོད་འདོམ་དཔོན་པོ་ལིག་ཉིང་གིས་གྲོས་ཚོགས་ལ་མགོ་འཛིན་བྱས་པ་དང་། ཧྲིན་ཀྲང་གཞོན་པ། ཞིང་ཆེན་རིམས་ནད་འགོག་བཅོས་ཚོད་འཛིན་བྱ་བའི་བཀོད་འདོམ་པུའུ་ཡི་བཀོད་འདོམ་དཔོན་པོ་གཞོན་པ་ཁོང་ཡུང་གྲོས་ཚོགས་ལ་ཞུགས། 

ཝང་ཅན་ཅུན་གྱིས་བྱ་བའི་རེ་བ་འདོན་སྐབས་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཀྲུང་གུང་ཀྲུང་དབྱང་གི་བརྡ་ཐོ་བརྒྱུད་སྒྲོག་བྱེད་པར་ནན་གྱིས་རྩ་འཛུགས་བྱས་ཤིང་། བསམ་བློ་དང་འགུལ་སྐྱོད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སྟེང་གཅིག་གྱུར་བྱས་ཏེ། ཏང་ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་སྟེ། སེམས་ཞིབ་མོས་རྩ་འཛུགས་དང་དངོས་འབེབ་དམ་འཛིན་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས། ཡིད་ཆེས་བརྟན་པོ་དང་དཀའ་སྡུག་མཉམ་མྱོང་། ཚན་རིག་འགོག་བཅོས། གནད་འཁེལ་ཇུས་བསྟར་བཅས་བྱས་ཏེ་རིམས་ནད་འགོག་བཅོས་ཚོད་འཛིན་གྱི་འཐབ་རྩོད་ལ་རྒྱལ་ཁ་ཐོབ་པར་བྱེད་དགོས་པ་ནན་བཤད་བྱས། 

ལིག་ཉིང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱིས་རིམས་ནད་འགོག་བཅོས་ཚོད་འཛིན་གྱི་འཐབ་རྩོད་ཐད་ཡིད་ཆེས་དང་སྒུལ་ཤུགས་ཆེན་པོ་བསྩལ་ཡོད། ཀྲུང་གུང་ཀྲུང་དབྱང་གི་བརྡ་ཐོ་ལས་ཏང་གི་མགོ་ཁྲིད་ལ་ཤུགས་སྣོན་པ་དང་། རིམས་ནད་འགོག་བཅོས་འཐབ་རྩོད་ལ་རྒྱལ་ཁ་ལོན་པར་ཆབ་སྲིད་འགན་སྲུང་འདོན་སྤྲོད་བྱེད་པར་རེ་བ་མངོན་གསལ་བཏོན་ཡོད། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱས་ཤིང་། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་ཡིད་ཆེས་བཞི་ཇེ་བརྟན་དུ་གཏོང་བ་དང་། གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་འཛིང་བཙན་རྫོང་ནུས་པ་དང་རྒྱ་ཆེའི་ཏང་ཡོན་གྱི་གདོང་མཆོང་དཔེ་སྟོན་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཚན་རིག་དང་མཐུན་པའི་བྱེད་ཐབས་སྤྱད་ནས་རིམས་ནད་རྒྱ་ཡན་དུ་འགྲོ་བར་ཚོད་འཛིན་བྱེད་དགོས་ཟེར། 

ལིག་ཉིང་གིས་སྒྲིག་ལམ་གཏན་འཁེལ་འཐུས་ཚང་དུ་གཏོང་བ་དང་མཚོ་སྔོན་དུ་ཕྱིར་ལོག་རྗེས་མྱུར་དུ་ལོགས་སུ་འགར་བའི་རེ་བ་ལག་བསྟར་ནན་མོ་བྱས་ཏེ། བརྡ་འཕྲིན་ཅན་གྱི་གཞུང་སྒྲུབ་བྱེད་ཐབས་བེད་སྤྱོད་གང་ལེགས་བྱེད་པ་དང་། རང་ཁྱིམ་ནས་གཞུང་སྒྲུབ་བྱེད་པ་དང་ལོགས་སུ་བཀར་ནས། བྱ་བ་རྒྱུན་ལྡན་ངང་སྤེལ་བར་ཁག་ཐེག་བྱེད་དགོས་པའི་རེ་བ་བཏོན། རིམས་ནད་འགོག་བཅོས་ཚོད་འཛིན་བྱ་བའི་ལྟ་ཞིབ་ཤུགས་ཚད་ཇེ་ཆེར་བཏང་སྟེ། སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ནས་སྡེ་ཁག་སོ་སོས་འགན་འཁྲི་དངོས་འབེབ་པ་མི་འདང་བ་དང་རིམས་ནད་འགོག་བཅོས་ཚོད་འཛིན་གྱི་ཤུགས་ཚད་ཞན་པ། དེ་མིན་རིམས་ནད་འགོག་བཅོས་ཚོད་འཛིན་བྱ་བར་ལེགས་བཅོས་དང་ཤུགས་སྣོན་བྱེད་པའི་བསམ་འཆར་གྲོས་གཞི་འཚོལ་སྡུད་བྱས་ནས། བྱ་བའི་བཀོད་སྒྲིག་སྣ་ཚོགས་དངོས་འབེབ་བྱེད་པར་འགན་སྲུང་བྱེད་དགོས་པའི་རེ་བ་བཏོན། 

གྲོས་ཚོགས་མ་བསྡུས་གོང་ལིག་ཉིང་དང་ཁོང་ཡུང་གིས་ད་རུང་བཀོད་འདོམ་པུའུ་ཡི་བྱ་བའི་ཚན་ཆུང་སོ་སོའི་མི་སྣར་འཚམས་འདྲི་བྱས། 



ལོ་ཙཱ་བ། བསོད་ནམས་ཚེ་རིང་།