མཱ་ཅི་ཞའོ་ཡིས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོག་བཅོས་ཀྱི་འཐབ་ཕྱོགས་དང་པོའི་སྨན་བཅོས་མི་སྣར་འཚམས་འདྲི་བྱས།
2020.02.01 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 26

ཉེ་ཆར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི་མཱ་ཅི་ཞའོ་མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་དང་ཞིང་ཆེན་ཀླད་སྙིང་ཁྲག་རྩའི་སྨན་ཁང་། ཞིང་ཆེན་བུད་མེད་དང་བྱིས་པའི་སྨན་ཁང་། མཚོ་སྔོན་རྒྱ་གྲམ་དམར་པོ་སྨན་ཁང་བཅས་སུ་སོང་ནས་འཐབ་ཕྱོགས་དང་པོའི་སྨན་བཅོས་མི་སྣར་འཚམས་འདྲི་བྱས་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། བཟོ་ཚོགས་རྩ་འཛུགས་བཅས་ཀྱི་ཚབ་བྱས་ཏེ་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོག་བཅོས་ཀྱི་འཐབ་ཕྱོགས་དང་པོའི་སྨན་བཅོས་མི་སྣར་བླ་ན་མེད་པའི་གུས་འདུད་དང་བརྩེ་བའི་འཚམས་འདྲི་བྱས་པར་མ་ཟད། དམངས་སྒོར་འབུམ་བདུན་དང་ཁྲི་ལྔ་ཡི་འཚམས་འདྲིའི་དངུལ་སྐྱེལ་བ་རེད།

འཚམས་འདྲིའི་སྐབས་སུ། མཱ་ཅི་ཞའོ་ཡིས་རིམ་པ་སོ་སོའི་བཟོ་ཚོགས་ཀྱིས་དོན་དངོས་ནས་འགོ་བརྩམས་ཏེ་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོག་བཅོས་ཀྱི་འཐབ་ཕྱོགས་དང་པོའི་སྨན་བཅོས་མི་སྣར་ཐུགས་ཁུར་དང་འཚམས་འདྲི་བྱེད་པའི་བྱ་བ་ལེགས་པོར་བསྒྲུབ་པ་དང་། རྣམ་པ་སྣ་ཚོགས་ཀྱི་འཚམས་འདྲིའི་བྱ་འགུལ་སྤེལ་ནས་སྨན་བཅོས་མི་སྣའི་བྱ་བ་དང་འཚོ་བའི་ཁྲོད་ཀྱི་དངོས་ཡོད་དཀའ་ཁག་སེལ་རོགས་བྱེད་པ་དང་འབྱུང་འགྱུར་གྱི་སེམས་ཁྲལ་སེལ་དགོས། ཤུགས་ཆེན་པོས་སྨན་བཅོས་མི་སྣའི་བླ་ན་མེད་པའི་ལས་རིགས་ཀུན་སྤྱོད་དང་ཞུམ་པ་མེད་པའི་སྙིང་སྟོབས་དྲིལ་བསྒྲགས་བྱེད་པ་དང་། དུས་ཐོག་ཏུ་དེའི་ཁྲོད་ནས་ཐོན་པའི་སྔོན་ཐོན་དཔེ་མཚོན་དང་མི་སེམས་འགུལ་བའི་བྱས་རྗེས་དྲིལ་བསྒྲགས་བྱས་ནས། སྤྱི་ཚོགས་ཡོངས་སུ་སྨན་བཅོས་མི་སྣར་བརྩི་བཀུར་བྱེད་པ་དང་སེམས་ཁུར་བྱེད་པའི་གླེང་ཕྱོགས་ཀྱི་རྣམ་པ་ཆགས་པར་བྱེད་དགོས་ཟེར།