​རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོའི་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་འགོག་བཅོས་ཚོད་འཛིན་བྱ་བར་རྒྱབ་སྐྱོར་བྱས།
2020.02.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 59

ཕཱ་ཁི་སི་ཐན་སྲིད་གཞུང་གིས་རྒྱལ་ཡོངས་ཀྱི་གཞུང་བཙུགས་སྨན་ཁང་དག་ལས་སྨན་བཀོལ་ཁ་ཐུམ་འབུམ་གསུམ་དང་སྨན་བཀོལ་འགོག་སྲུང་ལྭ་བ་བརྒྱད་བརྒྱ། ལག་ཤུབས་སྟོང་དྲུག་དང་བརྒྱད་བརྒྱ་བཅས་བསྡུས་ཏེ་ཟླ་གཉིས་པའི་ཚེས་གཅིག་ཉིན་གྱི་ཕྱི་དྲོར་ཀྲུང་གོར་བསྐྱལ་བ་རེད། 

ཧན་གོའི་ཕྱོགས་ཀྱིས་ཀྲུང་གོར་འདོན་སྤྲོད་བྱས་པའི་སྨན་བཅོས་རིམས་འགོག་དངོས་རྫས་ཁྲོད་དུ་ཁ་ཐུམ་ས་ཡ་གཉིས་དང་། སྨན་བཀོལ་ཁ་ཐུམ་ས་ཡ་གཅིག འགོག་སྲུང་ལྭ་བ་འབུམ་གཅིག འགོག་སྲུང་མིག་ཤེལ་འབུམ་གཅིག་བཅས་འདུས་པ་དང་། བསྟུད་མར་ཝུའུ་ཧན་གྲོང་ཁྱེར་དུ་སྐྱེལ་བཞིན་ཡོད། 

ཨུ་རུ་སི་དང་ཡོ་ནན། མཱ་ལེ་ཞི་ཡཱ། ཧཱ་སག་སི་ཐན། འཇར་མན། དབྱིན་ཇི། ཧྥ་རན་སི། ཧང་ག་རི། ཨོ་སི་ཁྲུ་ལི་ཡཱ། ཨར་ཅི་རི་ཡཱ། དབྱི་ལིང་། ཐུར་ཁེ་སོགས་རྒྱལ་ཁབ་ཀྱི་སྲིད་གཞུང་གིས་ཀྱང་ལང་ལོང་སྒོས་རིམས་འགོག་སྨན་བཅོས་ཀྱི་དངོས་རྫས་ཞལ་འདེབས་སུ་ཕུལ་ཏེ། ཀྲུང་གོའི་རིམས་འགོག་ཐད་རྒྱབ་སྐྱོར་གང་ལེགས་བྱས།



ལོ་ཙཱ་བ། བསོད་ནམས་ཚེ་རིང་།