མཚོ་སྔོན་ཞིང་ཆེན་གྱི་ཧུའུ་པེ་ལ་རོགས་སྐྱོར་དུ་སོང་བའི་སྨན་བཅོས་རུ་ཁག་ཐོག་མ་མྱུར་སྐྱོབ་སྨན་བཅོས་ལས་དོན་ཁྲོད་ཞུགས།
2020.02.02 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 31

ཟླ་དང་པོའི་ཚེས་སོ་གཅིག་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧུའུ་པེ་ལ་རོགས་སྐྱོར་དུ་སོང་བའི་སྨན་བཅོས་རུ་ཁག་ཐོག་མས་ཁྱོན་ཡོངས་ནས་མྱུར་སྐྱོབ་སྨན་བཅོས་ཀྱི་ལས་དོན་སྤེལ་འགོ་བརྩམས།

ཚེས་སོ་གཅིག་ཉིན་གྱི་ཆུ་ཚོད་ཉེར་བཞིའི་བར་དུ། སྨན་བཅོས་རུ་ཁག་གིས་ཁ་གཏད་རོགས་སྐྱོར་སྨན་ཁང་དུ་ཁྱོན་བསྡོམས་ནད་ཁུལ་གཉིས་དང་ནད་པ་ལྕི་མོའི་སྨན་བཅོས་ཁང་གཅིག་བཙུགས་ཏེ། ནད་པ་ཞེ་དགུ་བསྡུས་ནས་སྨན་བཅོས་བྱས། སྨན་བཅོས་མི་སྣ་བཅུ་གཅིག་གིས་གྲུབ་པའི་ནད་གཞི་ལྕི་མོ་མྱུར་སྐྱོབ་སྨན་བཅོས་ཚན་ཁག་ཞིན་ཀྲོའུ་ཆུའུ་མི་དམངས་སྨན་ཁང་གི་ནད་པ་ལྕི་མོ་སྨན་བཅོས་ཁུལ་དུ་བསྡད་ནས། ནད་གཞི་ལྕི་མོ་ཕོག་པའི་ནད་པ་བཅུ་ལ་མྱུར་སྐྱོབ་སྨན་བཅོས་བྱས་པའི་ནང་། སྲོག་ཉེན་ལ་འཕྲད་པའི་ནད་པ་བརྒྱད་དང་ནད་གཞི་ལྕི་མོ་ཕོག་པའི་ནད་པ་གཉིས་ཡོད། རུ་མི་ཞེ་དྲུག་ལས་གྲུབ་པའི་སྤྱིར་བཏང་མྱུར་སྐྱོབ་སྨན་བཅོས་ཚན་ཁག་ཞིན་ཀྲོའུ་ཆུའུ་ཀྲུང་ལུགས་སྨན་ཁང་གི་འགོས་ནད་ཁུལ་དུ་བསྐྱོད་ནས། ཆུས་མི་དམངས་སྨན་ཁང་གི་ནད་པ་སོ་དགུར་མྱུར་སྐྱོབ་སྨན་བཅོས་བྱེད་འགོ་བརྩམས། སྔོན་འགོག་ཚོད་འཛིན་ཚན་ཆུང་གི་མི་དགུ་ལས་ཞུགས་བྱས་ནས། སྨན་བཅོས་རུ་ཁག་གི་བཅའ་སྡོད་མི་སྣའི་བདེ་འཇགས་ལ་འགན་ལེན་ནན་མོ་བྱས།