གསར་འགོད་པ་ཐུབ་བསྟན་གྱིས་མཚོ་སྔོན་ཁྲང་ཡུན་དྲ་བ་ལས་བསྒྱུར།
ཏག་ཏག་བར་སྐབས་འདིར་ཟི་ལིང་ཚའོ་ཅཱ་ཕུའུ་རྒྱལ་སྤྱིའི་གནམ་གྲུ་འབབ་ཐང་དུ“ང་རང་རང་འགུལ་སྒོས་ཟི་ལིང་གྲོང་ཁྱེར་ནས་ཝུའུ་ཧན་དུ་བསྐྱོད་པའི་དང་བླངས་རུ་ཁག་ཏུ་ཞུགས་པ་ཡིན། ཐོག་མའི་སེམས་འདུ་མི་བརྗེད་པར། འགན་འཁྲི་ཡིད་ལ་དམ་པོར་བཅངས། མཚོ་སྔོན་གསར་བའི་སྙིང་སྟོབས་དར་སྤེལ་བྱེད། རྡོག་རྩ་གཅིག་ཏུ་སྒྲིལ་སྟེ་ཧུའུ་པེར་རོགས་སྐྱོར་བྱེད། འགན་འཁྲི་ཕྲག་ཏུ་བླངས་ཏེ། རིམས་ནད་ཟློག་སེལ་བྱེད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཡང་དག་པའི་སྣེ་ཁྲིད་དང་། ཞིང་ཆེན་ཏང་ཨུ་དང་མི་དམངས་སྲིད་གཞུང་གི་ཚན་རིག་དང་མཐུན་པའི་བཀོད་སྒྲིག་འོག འགན་འཁྲི་ཕྲག་ཏུ་བླངས་ཏེ་རིམས་ནད་ཟློག་སེལ་གྱི་བྱ་བར་རྒྱལ་ཁ་ལེན་ཐུབ་ངེས་ཡིན”ཞེས་པའི་དམ་ཚིག་སྒྲོག་གིན་འདུག མཚོ་སྔོན་ཞིང་ཆེན་གྱིས་ཧུའུ་པེ་ལ་རོགས་སྐྱོར་བྱེད་པའི་སྨན་བཅོས་རུ་ཁག་སྐོར་ཐེངས་གཉིས་པའི་འཐབ་མོ་བ100ཡིས་གྲ་སྒྲིག་ལེགས་པོར་བགྱིས་ཏེ། མི་འགྱངས་བར་ཝུའུ་ཧན་དུ་སོང་ནས་ཐུན་མོང་ཐོག་ནད་ཡམས་ལས་རྒྱལ་བར་འབད་འཐབ་བྱ་རྒྱུ་རེད།
རྒྱུས་ལོན་བྱུང་བ་ལྟར་ན། རེབ་འདིར་རོགས་སྐྱོར་དུ་བསྐྱོད་པའི་སྨན་པ100ཡི་ཁྲོད། ཟི་ལིང་གྲོང་ཁྱེར་མི་དམངས་སྨན་ཁང་དང་པོ་དང་གཉིས་པ་སོགས་གྲོང་ཁྱེར་དང་རྫོང་ནས་ཐོན་པའི་སྨན་པ40དང་མཚོ་ཤར་གྲོང་ཁྱེར་གྱི་རྫོང་སོ་སོའི་སྨན་བཅོས་སྡེ་ཁག་ནས་ཐོན་པའི་སྨན་པ60ཡོད། ཁོ་ཚོས་རྒྱལ་ཁབ་ལ་མཁོ་གལ་ཆེ་བའི་སྐབས་དང་མི་དམངས་མང་ཚོགས་ཀྱིས་རེ་ལྟོས་བྱེད་པའི་གནད་འགག་གི་དུས་སྐབས་འདིར་དཔའ་ངར་ཆེར་བསྐྱེད་ཀྱིས་རིམས་འགོག་འཐབ་རྩོད་དུ་ཞུགས་ཏེ། བློ་དཀར་གཞུང་དྲང་གིས་རྒྱལ་ཁབ་ལ་གཅེས་པ་དང་རང་གི་ཁྲག་དྲོན་གྱིས་བརྩེ་སེམས་མཚོན་པར་བྱས་པས། ཁོ་ཚོ་མི་རེ་རེ་ནི་མཚོ་སྔོན་གྱི་དར་ཆ་རེ་རེ་ཡིན་ལ། དར་ཆ་རེ་རེ་ནི་མཚོ་སྔོན་གྱི་སྣང་བརྙན་རེ་རེ་ཡིན།
སྟོབས་ཤུགས་གཅིག་བསྡུས་སྒོས་རིམས་ནད་ཟློག་སེལ་བྱེད་པའི་བར་སྐབས་འདིར། ཁོ་ཚོས་རང་ཉིད་ལ་བདག་སྲུང་ལེགས་པོ་བྱས་ཏེ་བློ་བརྟན་འགྱུར་མེད་སྒོས་མཐའ་མཇུག་གི་རྒྱལ་ཁ་ལེན་ཐུབ་པའི་སྨོན་འདུན་སྙིང་ནས་ཞུ།