སྐུ་འབུམ་དགོན་པའི་ད་ལོའི་མེ་ཏོག་མཆོད་མཇལ་གྱི་བྱེད་སྒོ་སྤེལ་མཚམས་བཞག་པའི་བརྡ་ཐོ།
2020.02.05 ཁུངས། ཀློག་གྲངས། 516

ཏང་ཀྲུང་དབྱང་གིཡིད་ཆེས་བརྟན་པོ་དང་། ཕྱར་བ་གྲུ་འདེགས། ཚན་རིག་དང་མཐུན་པའི་འགོག་བཅོས། གནད་སྨིན་ཇུས་འདོན་བཅས་བྱས་ཏེ་རིམས་ནད་འགོག་སྲུང་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས་པའིའབོད་སྐུལ་དང་ལེན་ཧུར་ ཐག་ཞུ་བ་དང་། རིམས་ནད་འགོག་སྲུང་བྱ་བར་ནུས་ཤུགས་ཡོད་རྒུས་གཞོགས་འདེགས་བྱེད་པ། ཞིང་ཆེན་དང་གྲོང་ཁྱེར། རྫོང་བཅས་ཀྱི་རིམས་ནད་འགོག་སྲུང་བཀོད་འདོམས་པུའུ་ཡི་འབྲེལ་ཡོད་བླང་བྱ་དང་། དེ་བཞིན་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་གྲོས་གཞིའི་དགོངས་དོན་ལ་བརྩི་སྲུང་ཞུས་ནས། སྐུ་འབུམ་དགོན་པའི་དོ་དམ་ཨུ་ལྷན་གྱིས་ད་ལོའི་སྐུ་འབུམ་དགོན་པའི་མེ་ཏོག་མཆོད་མཇལ་གྱི་བྱེད་སྒོ་ད་ལོ་སྤེལ་མཚམས་འཇོག་རྒྱུ་ཐག་བཅད་པ་ཡིན། སྐུ་འབུམ་དགོན་པའི་དོ་དམ་ཨུ་ལྷན་ནས། 2020/2/5 /ཉིན།

གསར་འགོད་པ་ལྕགས་ཐར་ཚེ་རིང་གིས་ཁྲང་ཡུན་དྲ་བ་ལས་བསྒྱུར།