ཁོང་ཡུང་གིས་མིན་ཡོན་རྫོང་གི་རིམས་ནད་འགོག་བཅོས་ཐག་གཅོད་བྱ་བ་དང་ལོ་སར་གྱི་རྗེས་སུ་ལས་གནས་སུ་ཞུགས་པའི་བྱ་བར་ཞིབ་བཤེར་དང་ལྟ་སྐུལ་མཛུབ་སྟོན་བྱས།
2020.02.05 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 38

ཟླ་གཉིས་པའི་ཚེས་གསུམ་ཉིན། ཧྲིན་ཀྲང་གཞོན་པ། ཞིང་ཆེན་རིམས་ནད་འགོག་བཅོས་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བཀོད་འདོམས་དཔོན་པོ་གཞོན་པ་ཁོང་ཡུང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མིན་ཡོན་ཧོས་རིགས་རང་སྐྱོང་རྫོང་དུ་སོང་སྟེ་རིམས་ནད་འགོག་བཅོས་ཐག་གཅོད་བྱ་བ་དང་ལོ་སར་གྱི་རྗེས་སུ་ལས་གནས་སུ་ཞུགས་པའི་བྱ་བར་ཞིབ་བཤེར་དང་ལྟ་སྐུལ་མཛུབ་སྟོན་བྱས་པར་མ་ཟད་རིམས་ནད་འགོག་བཅོས་ཀྱི་འཐབ་ཕྱོགས་དང་པོ་རུ་འབད་འཐབ་བྱེད་བཞིན་པའི་བློ་མཐུན་རྣམས་ལ་འཚམས་འདྲི་བྱས། ཁོང་གིས་བསྟན་དོན། དྲིལ་སྒྲོག་སློབ་གསོར་སྔར་ལས་ཤུགས་སྣོན་པ་དང་འགོག་བཅོས་བྱེད་ཐབས་ཕྲ་ཞིང་ཞིབ་པའི་སྒོ་ནས་དངོས་འབེབས་བྱེད་དགོས་ལ། སྒྲིག་ལམ་བརྩི་སྲུང་དང་བྱ་བར་གཟབ་ནན་བྱེད་པ་དང་། ཕྱོགས་གཅིག་ནས་རིམས་ནད་འགོག་བཅོས་དང་ཐག་གཅོད་བྱ་བ་དམ་འཛིན་བྱེད་པ་དང་། ཕྱོགས་གཞན་ཞིག་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དམ་འཛིན་བྱེད་དགོས། ཧུར་ཐག་སྒོས་རིམས་ནད་ཀྱིས་བཟོས་པའི་ཤུགས་རྐྱེན་ངན་པ་ཆེས་དམའ་རུ་གཏོང་བ་དང་། སྟོབས་ཤུགས་ཡོད་རྒུ་བཏོན་ནས་རིམས་ནད་འགོག་བཅོས་དང་ཐག་གཅོད་འགོག་རྒོལ་ཐད་ནས་རྒྱལ་ཁ་ལེན་པ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཐབ་ཇུས་ལག་བསྟར་བྱས་ནས་གྲུབ་འབྲས་བཟང་བོ་ལེན་དགོས་ཟེར།