ཟླ་གཉིས་པའི་ཚེས་ལྔ་ཉིན། ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཡི་རྒྱ་སྐྱེད་གྲོས་ཚོགས་དང་ཞིང་ཆེན་རིམས་ནད་འགོག་བཅོས་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་གྲོས་ཚོགས་ཐེངས་དྲུག་པ་བརྙན་རིས་ཀྱི་རྣམ་པའི་སྒོ་ནས་ཚོགས་ཏེ། ཚེས་གསུམ་ཉིན་གྱི་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་དང་ཀྲུང་དབྱང་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་འགོག་བཅོས་བྱ་བའི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས། རྒྱལ་སྲིད་སྤྱི་ཁྱབ་ཁང་རིམས་ནད་མཉམ་འགོག་མཉམ་འཛིན་བྱ་བའི་རྐྱེན་སྲོལ་གཞུང་སྒྲུབ་ཁང་གི་བརྡ་ཐོ། དེ་མིན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཤིང་། ཟི་ལིང་གྲོང་ཁྱེར་དང་མཚོ་བྱང་ཁུལ་གྱིས་རིམས་ནད་འགོག་བཅོས་བྱ་བའི་གནས་ཚུལ་ཡར་ཞུ་བྱས་པར་ཉན་པ་དང་། ཞིང་ཆེན་ཡོངས་ཀྱི་རིམས་ནད་འགོག་བཅོས་དང་ཐག་གཅོད་གནས་ཚུལ་ཁྱབ་སྒྲོག་བྱས་པར་མ་ཟད་གོ་རིམ་རྗེས་མའི་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་བྱས། ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཡི་ཧྲུའུ་ཅི། ཧྲིན་ཀྲང་། ཞིང་ཆེན་རིམས་ནད་འགོག་བཅོས་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བཀོད་འདོམས་དཔོན་པོ་ལིག་ཉིང་གིས་གྲོས་ཚོགས་ལ་འགོ་འཛིན་བྱས་པར་མ་ཟད་གཏམ་བཤད།
ཚོགས་ཐོག་ནས་བསྟན་དོན། རིམས་ནད་བྱུང་རྗེས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དངོས་སུ་བཀོད་འདོམས་དང་དངོས་སུ་བཀོད་སྒྲིག་བྱས་པ་དང་། གྲོས་ཚོགས་ཐེངས་མང་བསྡུས་ཤིང་ཡར་ཞུ་ལ་ཉན་པ་དང་མཛུབ་སྟོན་གལ་ཆེན་གནང་། ཀྲུང་དབྱང་རིམས་ནད་འགོག་བཅོས་བྱ་བའི་ཚན་ཆུང་གིས་བཀོད་སྒྲིག་ཞིབ་མོ་བྱས་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་རིམས་ནད་མཉམ་འགོག་མཉམ་འཛིན་བྱ་བའི་རྐྱེན་སྲོལ་གཞུང་སྒྲུབ་ཁང་གིས་བྱེ་བྲག་གི་རེ་བ་བཏོན། རྒྱལ་སྲིད་སྤྱི་ཁྱབ་ཁང་རིམས་ནད་འགོག་བཅོས་བྱ་བའི་མཛུབ་སྟོན་ཚན་ཁག་མཚོ་སྔོན་དུ་བསྡད་པ་དེ་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མི་དམངས་ཀྱི་གཙོ་འཛིན་ཡིན་པ་དང་མི་དམངས་ལ་དགའ་ཞེན་ཆེ་བའི་བརྩེ་སེམས་གང་ལེགས་སྒོས་མཚོན་པར་བྱས་ཤིང་། ཏང་ཀྲུང་དབྱང་གིས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་ལ་འགན་ཆེན་པོ་འཁུར་བ་མཚོན་པར་བྱས་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་མངོན་གསལ་ཁྱབ་སྟོབས་མཚོན་པར་བྱས། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་གང་ལེགས་སྒོས་བསྒྲུབ་དགོས་ལ། རྦད་ཆོད་སྒོས་བསམ་བློ་དང་བྱ་སྤྱོད་གཉིས་ཀ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་གཅིག་གྱུར་བྱེད་པ་དང་། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་དང་གཅིག་གྱུར་བྱེད་དགོས་ལ། རྦད་ཆོད་སྒོས་ཏང་ཀྲུང་དབྱང་གི་གཅིག་གྱུར་བཀོད་འདོམས་དང་གཅིག་གྱུར་མཐུན་སྦྱོར། གཅིག་གྱུར་བཀོད་སྒྲིག་དང་ལེན་བཟང་བོ་བྱེད་པ་དང་། རྦད་ཆོད་སྒོས་བཀའ་བརྡ་དང་ལེན་དང་ལག་བསྟར་བྱས་ཏེ་ཏན་ཏན་ཏིག་ཏིག་སྒོས་རིམས་ནད་འགོག་བཅོས་དང་བཅོས་སྒྱུར་འཕེལ་རྒྱས་བརྟན་འཇགས་ཀྱི་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་དགོས་ཟེར།
རྒྱལ་སྲིད་སྤྱི་ཁྱབ་ཁང་རིམས་ནད་འགོག་བཅོས་བྱ་བའི་མཛུབ་སྟོན་ཚན་ཁག་ཉེར་བརྒྱད་པའི་འགན་འཁུར་བློ་མཐུན་དང་ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཡི་ཁོངས་མི་ཡན་ཅིན་ཧེ་དང་ཀྲང་ཧོང་ཡོན། ཧྲིན་ཀྲང་གཞོན་པ། ཞིང་ཆེན་རིམས་ནད་འགོག་བཅོས་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བཀོད་འདོམས་དཔོན་པོ་གཞོན་པ་ཁོང་ཡུང་བཅས་ཚོགས་ར་གཙོ་བོའི་གྲོས་ཚོགས་ལ་ཞུགས།