ཟི་ལིང་གྲོང་ཁྱེར་གྱིས་ཟི་ལིང་ལ་ཕྱིར་ལོག་པའི་མི་སྣའི་གནས་སྐབས་ལྟ་ཞིབ་ས་ཚིགས་ཐོག་མ་བཙུགས་ཤིང་བཀོལ་སྤྱོད་བྱེད་མགོ་ཚུགས།
2020.02.06 ཁུངས། ཀློག་གྲངས། 71

  གསར་བྱུང་ཏོག་དབྱིབས་ནད་དུག་གི་གློ་ཚད་རིམས་ནད་གནས་ཚུལ་ལ་གཞིགས་ཏེ་ཟི་ལིང་གྲོང་ཁྱེར་གྱིས་ཚད་མཐོའི་གདེང་འཇོག་བྱས་ནས་ཟི་ལིང་ལ་ཕྱིར་ལོག་པའི་མི་སྣར་ནད་དུག་འགོས་ཡོད་མེད་ལ་ལྟ་ཞིབ་ནན་ཏན་དང་མི་གཞན་ལ་འགོ་སྲིད་པའི་ཉེན་ཁ་ཐམས་ཅད་གཏན་འགོག་བྱས།  གྲ་སྒྲིག་གང་ལེགས་བྱས་མཐར། ཟླ1པོའི་ཚེས30ཉིན། ཟི་ལིང་གྲོང་ཁྱེར་གྱིས་ཐོག་མའི་སྨན་བཅོས་ལྟ་ཞིབ་ས་ཚིགས་བཙུགས་པར་མ་ཟད་བཀོལ་སྤྱོད་བྱེད་འགོ་བརྩམས།

རྒྱུས་ལོན་པ་ལྟར་ན། ཟི་ལིང་གྲོང་ཁྱེར་འཕྲོད་བསྟེན་པུའུ་ཡིས་སྨན་བཅོས་ལྟ་ཞིབ་ས་ཚིགས་འདི་ལ་སྨན་པ་དང་ནད་དུག་འགོག་སྲུང་སྒྲིག་ཆས། སྨན་བཅོས་དངོས་རྫས་སོགས་བཀོད་སྒྲིག་བྱས་པར་མ་ཟད། དུས་ཚོད་24རིང་ལ་ལྟ་རྟོག་བྱེད་བཞིན་ཡོད་པ་རེད། གཙོ་བོ་ཉིན་འདི་གར་ཝུའུ་ཧན་ནས་ཕྱིར་ཟི་ལིང་ལ་ལོག་བཞིན་པའི་མི་རྣམས་ལས་ནད་རྟགས་མེད་མཁན་དག་གཅིག་བསྡུས་ངང་གནས་སྐབས་སུ་ལྟ་ཞིབ་ས་ཚིགས་ནས་ཉིན་14རིང་ལ་ལྟ་ཞིབ་བྱེད་རྒྱུ་ཡིན་པར་མ་ཟད། རྒྱུན་སྤྱོད་འཚོ་བའི་དངོས་རྫས་དང་བཟའ་བཏུང་མཁོ་སྤྲོད་བྱེད་པ། དུས་ལྟར་ཚ་གྲང་ལ་བརྟག་པ། དུག་སེལ་དང་བདེ་ཐང་མཛུབ་སྟོན་བཅས་བྱས་ཏེ་སྟོབས་ཤུགས་ཡོད་རྒུས་ཟི་ལིང་ལ་ཕྱིར་ལོག་པའི་མི་སྣའི་བདེ་ཐང་ལ་ཁག་ཐེག་བྱེད་བཞིན་ཡོད་པ་རེད།  མིག་སྔར། སྨན་བཅོས་ལྟ་ཞིབ་ས་ཚིགས་སུ་ཟི་ལིང་ལ་ཕྱིར་ལོག་པའི་མི་སྣ་15ལ་ལྟ་ཞིབ་བྱེད་བཞིན་པའི་སྒང་རེད།

གསར་འགོད་པ་ཐུབ་བསྟན་རྡོ་རྗེ་ཡིས་ཁྲང་ཡུན་དྲ་བ་ལས་བསྒྱུར།