མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡིས་རིམས་ནད་འགོག་བཅས་ཚོད་འཛིན་བྱ་བའི་ཆེད་དོན་གྲོས་ཚོགས་བསྡུས།
2020.02.07 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 83

ཟླ་གཉིས་པའི་ཚེས་དྲུག་ཉིན། མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡིས་ཞིང་ཆེན་དམངས་ཆེན་རིམས་ནད་འགོག་བཅོས་ཚོད་འཛིན་བྱ་བའི་ཆེད་དོན་གྲོས་ཚོགས་བསྡུས། ཚོགས་ཐོག་ནས་ཀྲུང་དབྱང་ཆབ་སྲིད་ཅུའུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་དང་། ཀྲུང་དབྱང་གི་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པ། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བཅས་ཀྱི་དགོངས་དོན་ལ་སློབ་སྦྱོང་བྱས་པ་དང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཀྲང་ཀོང་རུང་གིས་ལས་ཁུངས་ཀྱི་སྔོན་འགོག་ཚོད་འཛིན་ལ་བཏོན་པའི་བླང་བྱ་བརྒྱུད་སྒྲོག་བྱས་པར་མ་ཟད། ལས་ཁུངས་ཀྱི་གོ་རིམ་རྗེས་མའི་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བར་ཡང་བསྐྱར་སྐུལ་སློང་དང་བཀོད་སྒྲིག་བྱས། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཁོངས་མི། ཀྲུའུ་རིན་གཞོན་པ་ཝུའུ་ཧའེ་ཁུན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས།

གྲོས་ཚོགས་ལས་བསྟན་དོན། རིམས་ནད་བྱུང་རྗེས་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡིས་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་ལ་བརྩི་བཀུར་མཐའ་གཅིག་ཏུ་བྱས་ནས། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཚོགས་འདུ་གལ་ཆེན་དང་ཡིག་ཆའི་དགོངས་དོན་དུས་ཐོག་ཏུ་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ནས། འདུ་ཤེས་དང་ཡིད་རྟོན་བཞི་སྔར་ལས་ཇེ་དྲག་ཏུ་བཏང་བ་དང་། སྲུང་སྐྱོབ་བྱེད་དགོས་པ་གཉིས་བཟང་བོར་བསྒྲུབས། བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ཐོག་གཅིག་གྱུར་མཐའ་གཅིག་ཏུ་བྱས་པ་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བར་བྱེད་པ། འགན་འཁྲི་ཞིབ་ཚགས་སུ་གཏོང་བ། བྱེད་ཐབས་འཐུས་ཚང་དུ་གཏོང་བ། འགན་ནུས་གཞི་ཚུགས་པར་བྱེད་པ། ནུས་པ་འདོན་སྤེལ་བྱེད་པ་བཅས་བྱས་ཏེ། རིམས་ནད་འགོག་བཅོས་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ནང་ཧུར་ཐག་གིས་ཞུགས་པས། ད་ལྟ་མི་ཚང་མས་རང་རྟོགས་དང་མི་ཚང་མས་འགན་འཁུར། མི་ཚང་མས་ལྟ་སྐུལ་བཅས་བྱེད་པའི་ལས་ཀའི་རྣམ་པ་བཟང་པོ་ཞིག་གྲུབ་ཡོད་ཟེར།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། སེམས་ཤུགས་དང་ནུས་པ་གཅིག་སྒྲིལ་གྱིས་མིག་སྔའི་རིམས་ནད་འགོག་བཅོས་ཚོད་འཛིན་གྱི་ལས་དོན་གལ་ཆེ་ཤོས་དེ་དམ་འཛིན་ཡག་པོ་བྱེད་པ་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱེད་པ། ལས་ཁུངས་ཀྱི་འགོག་བཅོས་ཚོད་འཛིན་ལས་དོན་ཁག་སྔར་ལས་ཏན་ཏིག་གིས་སྒྲུབ་པ། ལྷོད་གཡེང་དང་རྙོག་དྲ་མི་བཟོ་བ་བཅས་བྱས་ནས། རིམས་ནད་འགོག་བཅོས་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ལེན་ཆེད་སྟོབས་ཤུགས་ཀྱི་ལེགས་སྐྱེས་དང་ནུས་པ་འདོན་སྤེལ་བྱེད་དགོས། རང་ངོས་ཀྱི་དོགས་ཟོན་ལ་ཤུགས་བསྣན་ནས་མི་ལུས་བདེ་འཇགས་ལ་འགན་ལེན་དང་རིམས་འགོག་སྒྲིག་ཁྲིམས་ལ་བརྩི་སྲུང་བྱེད་དགོས། རིམས་ནད་འགོག་བཅོས་ཚོད་འཛིན་དང་ལས་སྒོའི་ལས་དོན་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ཏེ། གཙོ་གནད་གཅིག་དང་འཆར་གཞི་གཉིས་ཀྱི་བླང་བྱ་ལྟར་ལས་ཀའི་སྟོབས་ཤུགས་བཀོད་སྒྲིག་ལུགས་མཐུན་བྱེད་པ་དང་ལས་དོན་ཁག་གོ་རིམ་ལྡན་པའི་ངང་སྤེལ་ཏེ། རིམས་ནད་འགོག་བཅོས་ཚོད་འཛིན་ལས་དོན་དང་ལས་སྒོའི་ལས་དོན་གཉིས་འཐུས་ཤོར་མི་འགྲོ་བ་དང་གཉིས་ཀར་སྐུལ་འདེད་གཏོང་རྒྱུའི་ཐད་འགན་ལེན་ཁག་ཐེག་བྱེད་དགོས་ཟེར།