མཚོ་ཤར་གྱིས་ཁྲིམས་འགལ་གྱོད་གཞི4མྱུར་དུ་ཞིབ་བཤེར་ཐག་གཅོད་བྱས་པ།
2020.02.07 ཁུངས། ཀློག་གྲངས། 38

གངས་ལྗོངས་མེ་ལོང་དྲ་བའི་འཕྲིན།  རིམས་འགོག་ཚོད་འཛིན་བྱེད་པའི་བར་སྐབས་འདིར། ཞོན་ཧྭ་སྤྱི་བདེ་ཡིས་ཁ་ལོ་བ་ལ་ལས་སྒེར་གྱི་རླངས་འཁོར་བེད་སྤྱད་དེ་མྱུར་བགྲོད་གཞུང་ལམ་སྟེང་ནས་གང་བྱུང་དུ་འགྲུལ་བ་སྐྱེལ་འདྲེན་བྱེད་པ་དང་། ནད་ཡམས་ཞིབ་བཤེར་ལ་གཡོལ་བ་སོགས་ཁྲིམས་འགལ་གྱི་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་བཏང་།

 ཟླ2པའི་ཚེས5ཉིན། མི་དམངས་སྲིད་གཞུང་གིས་ཛ་དྲག་གི་གནས་ཚུལ་འོག་ཡོངས་བསྒྲགས་བྱས་པའི་གཏན་འབེབས་དང་བཀའ་རྒྱ་ལག་བསྟར་མི་བྱེད་པའི་ཁྲིམས་འགལ་གྱོད་གཞི4མྱུར་དུ་ཞིབ་བཤེར་ཐག་གཅོད་བྱས་ལ། སྲིད་འཛིན་ཐོག་ནས་མི4བཀག་ཉར་བྱས།

ཅཱེ་ཙི་རིམས་འགོག་ཞིབ་བཤེར་ས་ཚིགས་ནས་ཕ་ཡུལ་དུ་ལོག་པའི་འགྲུལ་བ་སྐོར་ཞིག་དཔའ་ལུང་དང་ཞོན་ཧྭའི་མྱུར་བགྲོད་གཞུང་ལམ་སྟེང་གི་ཅཱེ་ཙི་ལམ་མདོ་ནས་རླངས་འཁོར་ནས་མར་བབས་ཏེ་རྐང་ཐང་གིས་བསྐྱོད་ནས་རིམས་འགོག་ཞིབ་བཤེར་ལ་གཡོལ་བའི་ཁུངས་སྣེ་དེར་གཞིགས་ནས། རྫོང་སྤྱི་བདེ་ཅུསནག་སེལ་གཞུང་ལས་ཁངགིས་བདེ་འཇགས་རུ་ཆེན་དང་སྲང་ལམ་མངགས་གཏོང་ཁང་དང་མཉམ་དུ་བརྟག་དཔྱད་བྱས་ཤིང་། ཉིན་གཅིག་གི་དུས་ཚོད་བེད་སྤྱད་པ་བརྒྱུད། མཱ་ཆེ་གེ་མོ་དང་། ཀྲང་ཆེ་གེ་མོ། ཅི་ཆེ་གེ་མོ། མཱ་ཆེ་གེ་མོ་བཅས་མི4ཡིས་རིམས་ནད་འགོག་སྲུང་གི་དམིགས་གསལ་དུས་སྐབས་སུ།  མི་དམངས་སྲིད་གཞུང་གིས་ཡོངས་བསྒྲགས་བྱས་པའི་གཏན་འབེབས་དང་བཀའ་རྒྱ་ལ་མངོན་གསལ་དོད་པོས་རྒྱབ་འགལ་བྱས་ཏེ། ཁྲིམས་འགལ་གྱིས་སྒེར་འཁོར་ནང་འགྲུལ་བ་སྐྱེལ་འདྲེན་བྱས་པ་མ་ཟད།  ནད་ཡམས་ཞིབ་བཤེར་ལ་གཡོལ་བའི་བྱ་སྤྱོད་ངན་པ་སྤེལ་ཡོད་པ་རེད།

མིག་སྔརཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམསཀྱི་དོན་ཚན་ལྔ་བཅུ་པའི་དོན་ཚན་དང་པོའི་གཏན་འབེབས་གཞིར་བཟུང་ནས། སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་ཁྲིམས་འགལ་བྱ་སྤྱོད་སྤེལ་མཁན་མཱ་ཆེ་གེ་མོ་དང་། ཀྲང་ཆེ་གེ་མོ། ཅི་ཆེ་གེ་མོ། མཱ་ཆེ་གེ་མོ་བཅས་ལ་ཉིན8གྱི་བཀག་ཉར་དང་། དམངས་སྒོར་400ཡི་སྲིད་འཛིན་ཆད་པ་བཅད་ཅིང་།  ཁྲིམས་འགལ་ཁུངས་སྣེ་གཞན་དག་འགྲིམ་འགྲུལ་སྐྱེལ་འདྲེན་དོ་དམ་སྡེ་ཁག་ལ་ཐག་གཅོད་བྱ་རྒྱུར་རྩིས་སྤྲད་པ་རེད།

གསར་འགོད་པ་དབང་རྒྱལ་ཚེ་རིང་གིས་ཁྲང་ཡུན་དྲ་བ་ལས་བསྒྱུར།