སྤྱི་ཟླ་2པའི་ཚེས་7ཉིན་མཚོ་སྔོན་ཞིང་ཆེན་དབྱར་རྩྭ་དགུན་འབུ་མཐུན་ཚོགས་ཀྱིས་རིམས་ནད་འགོག་བཅོས་ཀྱི་ཐབས་ས་དང་པོར་གནས་པའི་སྨན་བཅོས་ལས་དོན་པ་ལ་མ་དངུལ་སྒོར་ཁྲི་160་ཡི་དབྱར་རྩྭ་དགུན་འབུ་ཞལ་འདེབས་སུ་ཕུལ་ཡོད་པ་རེད།
སྤྱི་ཟླ་1པའི་ཚེས་30ཉིན་གྱི་ཕྱི་དྲོར་འཚོགས་པའི་ཐེན་ཅིན་གྲོང་ཁྱེར་གྱིས་ཏོག་དབྱིབས་ནད་དུག་འགོག་བཅོས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག ཀྲུང་ལུགས་སྨན་པ་ཆེད་མཁས་པ་ཐང་ཡེ་(汤毅)ཡིས་འོས་འཚམ་སྒོས་དབྱར་རྩྭ་དགུན་འབུ་སོགས་བསྟེན་ན་བཟང་ཞེས་གསུངས་ཡོད་པ་རེད། གསར་འགྱུར་དེ་མཐོང་རྗེས་རྒྱ་ཆེའི་དབྱར་རྩྭ་དགུན་འབུའི་ལས་དོན་པའི་བཏོན་པའི་རེ་བ་ལྟར། མཚོ་སྔོན་ཞིང་ཆེན་དབྱར་རྩྭ་དགུན་འབུ་མཐུན་ཚོགས་ཀྱིས་སྒྲིག་འཛུགས་དང་སྐུལ་སློང་བྱས་ཏེ་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་ཚོང་ཚོགས་དང་མཚོ་སྔོན་སློབ་ཆེན་ཞིང་ཕྱུགས་ཚན་རིག་གླིང་བཅས་ཀྱིས་ཐེངས་འདིའི་ཞལ་འདེབས་འབུལ་བའི་བྱེད་སྒོ་གཉེར་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། དེ་རིང་ཞལ་འདེབས་སུ་ཕུལ་བའི་མ་དངུལ་སྒོར་ཁྲི་160ལྷག་གི་དབྱར་རྩྭ་དགུན་འབུ་ལས་གཞན། མ་དངུལ་སྒོར་ཁྲི་400ཡི་དབྱར་རྩྭ་དགུན་འབུ་ཟི་ལིང་བར་སྤྱི་ལེ་800ལྷག་ཡོད་པའི་ཡུལ་ཤུལ་ནས་ཟི་ལིང་ལ་དབོར་ཡོང་བཞིན་ཡོད་ལ། གཟའ་འཁོར་རྗེས་མར་རེས་སྐོར་གཉིས་པའི་ཞལ་འདེབས་འབུལ་ཐུབ་རྒྱུ་ཡིན་པ་རེད།