ཁ་ཤགས་བརྒྱུད་ནས་རིམས་འགོག་བཤད།
2020.02.08 ཁུངས། ཀློག་གྲངས། 84

དེ་རིང་ང་ཚོ་ཨ་བོ་བཞི། ས་འདིར་འཚོགས་ནས་ལབ་བརྡ་རྒྱག གཞན་པ་མི་བཤད་རིམས་འགོག་བཤད། ཡ། མགོ་རྩོམ།

 ལྕགས་བྱིའི་ལོ་གསར་ཐོན་ལ་ཁད། ལོ་སར་མཁོ་རྫས་ཁྲིག་ཁྲིག་ཡིན། བུའུ་ཧན་ཡུལ་ནས་ལོན་ངན་གྲགས། ད་ཟིག་བྱེད།། 

ཏོག་དབྱིབས་ནད་དུག་གསར་བ་འདི།  གནོད་པ་ཆེ་ཞིང་སྲོག་ཉེན་ཆེ།  མི་ཡི་བར་ལ་མྱུར་དུ་འགོས།   གདོན་རྫས་འདི།།

རྒྱ་ལོའི་ཚེ་གཅིག་སྐལ་བཟང་ལ། ཀྲུང་དབྱང་བཀའ་རྒྱ་ཡང་བསྐྱར་བསྒྲགས། ས་གནས་སྲིད་གཞུང་འདུག་ཁོམ 

ས་མེད།   འདང་རྒྱག་མེད།།  

གནས་ཚུལ་དུས་ཐོག་རྒྱུས་ལོན་བྱས། འགྲོ་འོང་གྲལ་བཤེར་ནན་ཞིང་ཞིབ། འགན་འཁྲི་མིའི་ཐོག་ནན་མོར་བབས། ཧུར་རེས་བྱོས།། 

སྦྲ་གུར་ཕུག་ནས་འགག་སྒོ་བཙུགས། ནམ་གུང་ལམ་ཁ་སྲུང་ནས་འདུག དུག་སེལ་བ་དང་ལུས་དྲོད་བརྟག  ཧུར་བརྩོན་བྱས། ། 

སྒྲ་དུང་ཆེན་པོ་སྟོད་ཐུང་དམར། རིམས་འགོག་སྦྱར་ཡིག་ཀུན་ཏུ་ཁྱབ། དྲ་རིས་དོ་དམ་ཁྱིམ་ལ་ཁྱབ། བཀོད་སྒྲིག་ནན།།

 མཛུབ་ཐེལ་དར་པོ་སྙིང་དང་འདྲ། སྨན་པ་རྣམས་ཀྱིས་ཆོད་སེམས་མཚོན། བྱམས་སེམས་བཅངས་ནས་སྔོན་དུ་སྐྱོད། ཨ་མའི་བུ།། 

ཏང་ཡོན་ལས་བྱེད་པ་སྔོན་དུ་སྐྱོད། བདེ་འཇགས་ཆེད་དུ་ཧུར་བརྩོན་བྱས། མཁར་གྲོང་སྡོད་དམངས་ཇི་ལྟར་བྱེད། བསམ་བློ་ཐོངས།། 

ནད་རིམས་འདི་ལ་སྐྲག་མི་དགོས། ཚན་རིག་འགོག་བཅོས་སེམས་རྣལ་དགོས། མང་ཚོགས་ཡོངས་ཀྱིས་རིམས་འགོག་བྱེད། དམ་འཛིན་བྱོས།། 

དཀྲོག་གཏམ་མི་བཤད་ཡིད་མི་ཆེས། མི་མང་འཚོགས་སར་འགྲོ་མི་ཉན། རིམས་ནད་ཀུན་ལ་ཉེན་ཁ་ཡོད། སེམས་ཆུང་བྱོས།། 

མི་མང་འཚོགས་ནས་ཟས་མ་ཟ། རི་སྐྱེ་སྲོག་ཆགས་ཟ་མི་ཉན། ཁྱིམ་གྱི་ཐུག་པའི་ཡན་ན་མེད། དལ་འཇགས་སྡོད།། སྟོན་མོ་སྣ་ཚོགས་བྱེད་མི་ཆོག རིམས་ནད་འགོག་པའི་དུས་འདི་ལ། ཁྱེད་དང་ང་ལ་དབྱེ་བ་མེད། བཤད་མི་དགོས།། 

ལག་པ་བཀྲུ་དང་དྲ་མ་ཕྱེ། སྒོ་ཁར་བུད་ན་ཁ་ཐུམ་རྒྱོབ། འགོག་སྲུང་བྱེད་པར་དཀའ་མ་བྱེད། ཚེགས་ཡང་བྱོས།། 

དཔའ་རིས་མི་དམངས་འབད་པ་བྱོས། རིམས་འགོག་འགན་ཁུར་ཀུན་ལ་ཡོད། ཚང་མས་མཉམ་དུ་སྲ་ལ་བྱོས། ཤུགས་ཆེན་རྒྱོབས།། 

ཚན་རིག་སྒོ་ནས་རིམས་ནད་འགོག རླབས་ཆེན་ཏང་ལ་ཡིད་ཆེས་བྱོས། ནད་འགོག་གཡུལ་ལས་རྒྱལ་ངེས་རེད། ཡིད་ཆེས་ཡོད།། 

དགུན་རྒྱ་སྟག་འདྲ་བོའི་སོང་ཤུལ་ལ། དཔྱིད་ལྷ་མོ་འདྲ་བོ་ཡོང་ངེས་ཡིན། སྡུག་གི་རྔ་མར་སྐྱིད་ཟིག་ཡོད། ད་སྐྱིད་ཁུ་ཨན །།