ཏུའུ་ལན་རྫོང་གི་གྲོང་དང་གྲོང་རྡལ་གྱིས་དང་བླངས་ཞབས་ཞུའི་རུ་ཁག་རྩ་འཛུགས་བྱས་ཏེ་རིམས་ནད་སྔོན་འགོག་གི་བྱ་བར་ཞུགས།
2020.02.08 ཁུངས། ཀློག་གྲངས། 14

 གངས་ལྗོངས་མེ་ལོང་དྲ་བའི་འཕྲིན།  ཉེ་ཆར།  ཏུའུ་ལན་རྫོང་དཔལ་ཡོན་གཞུང་ལས་ཁང་གིས་གྲོས་མགོ་བཏོན་ནས། རྫོང་ཡོངས་ཀྱི་སྡེ་ཁག་སོ་སོས་རིམས་འགོག་ཚོད་འཛིན་གྱི་བྱ་བའི་ཁྲོད་རང་འགུལ་སྒོས་འགན་འཁྲི་ཕྲག་ཏུ་ལེན་དགོས་པ་དང་།  གྲོང་དང་གྲོང་རྡལ་སོ་སོས་རིམས་ནད་སྔོན་འགོག་བྱ་བའི་ཁྲོད་ནས་ཐོག་དང་པོར་སྣེ་ཁྲིད་ཀྱི་ནུས་པ་གང་ལེགས་འདོན་སྤེལ་བྱས་ཏེ།  ཀྲུང་དབྱང་དང་།  ཞིང་ཆེན། ཁུལ་དང་རྫོང་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་བྱས་ཏེ་དང་བླངས་ཞབས་ཞུའི་ལས་དོན་ལ་སྣེ་ཁྲིད་དང་རིམས་ནད་སྔོན་འགོག་ཚོད་འཛིན་ལ་ཤུགས་སྣོན་རྒྱག་པའི་སྣེ་ཁྲིད་པ་ཡག་པོ་ཞིག་བྱེད་དགོས་པའི་འབོད་སྐུལ་བཏང་།

རྫོང་ཡོངས་ཀྱི་ཞང་དང་གྲོང་རྡལ5དང་གྲོང་ཚོ14ཡིས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ཁྲོད་ནས་མཉམ་འགོག་མཉམ་འཛིན་གྱི་ནུས་ལྡན་བྱ་ཐབས་རྒྱུན་འཁྱོངས་བྱས་ཏེ་རིམས་ནད་ཞིབ་བཤེར་ས་ཚིགས17བཙུགས་པ་དང་།  དང་བླངས་ཞབས་ཞུའི་རུ་ཁག94བཏང་བ། དང་བླངས་ཞབས་ཞུའི་བྱེད་སྒོ་ཐེངས584སྤེལ་བ། དང་བླངས་པ1028ཟབ་ཞུགས་བྱས་པ། ཁྱོན་ཞལ་འདེབས་སྒོར7460ཕུལ་བ། ཞལ་འདེབས་དངོས་པོ261འདུས་པ། ཁ་རས3549སྤྲད་པ། ལག་ཤུབས་ཆ302སྤྲད་པ། དུག་སེལ་ཆུ་རྒྱ་མ1852གཏོར་བ། འཕྲེད་དར421བཀལ་བ། དྲིལ་བསྒྲགས་ལག་དེབ3760ལྷག་སྤྲད་པ་སོགས་ཀྱི་བྱ་བ་རིམ་ལྡན་ངང་སྤེལ་བ་རེད། 

དཔལ་ཡོན་དཔེ་སྟོན་གྱི་འགན་འཁྲི་གནས་གཞི་བཙུགས་ནས་ནུས་ཤུགས་ཡོད་རྒུས་རིམས་ནད་ཞིབ་བཤེར་ཚོད་འཛིན་ནང་ཞུགས་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱ་བ་ཇེ་བརྟན་དུ་བཏང་སྟེ་གྲོང་དང་གྲོང་རྡལ་ལ་སྣེ་ཁྲིད་ཀྱི་ནུས་པ་གང་ལེགས་ཐོན་བཞིན་ཡོད།

དུས་མཚུངས་སུ།  གྲོང་དང་གྲོང་རྡལ་གྱི་དང་བླངས་པས་ས་སྲུང་ལ་འགན་འཁྲི་ཡོད་པ་དང་ས་སྲུང་གི་འགན་འཁུར་ཕོད་པ། ས་སྲུང་གི་འགན་འཁྲི་གཙང་སྒྲུབ་བྱེད་པ་བཅས་ཀྱི་ཚད་མཐོའི་ཆབ་སྲིད་ཀྱི་རང་རྟོགས་དང་འགན་འཁྲིའི་འདུ་ཤེས་སེམས་སུ་བཅངས་ནས་ཉེན་ཁར་མི་སྐྲག་པ་དང་དཀའ་ངལ་ལ་མི་འཛེམ་པ། སྡེ་སྡོད་འཐབ་ཕྱོགས་དང་པོར་བསྐྱོད་པ། མང་ཚོགས་ཀྱི་བསམ་བློའི་ལས་དོན་ལ་སྣེ་ཁྲིད་ཡག་པོ་བྱེད་པ། རིགས་སོ་སོའི་མང་ཚོགས་རྣམས་ལ་ཚན་རིག་དང་མཐུན་པའི་སྒོ་ནས་རིམས་ནད་ལ་གདོང་གཏོད་དགོས་པ་བཅས་ཀྱི་བྱ་བ་བཀོད་སྒྲིག་ལེགས་པོ་བྱས་ཏེ་དཀྲོག་གཏམ་མི་ལབ་པ་དང་། དཀྲོག་གཏམ་ལ་ཡིད་མི་ཆེས་པ། དཀྲོག་གཏམ་བརྒྱུད་སྒྲོག་མི་བྱེད་པ་བཅས་ཀྱི་སྒོ་ནས་མང་ཚོགས་རྣམས་རང་འགུལ་གྱིས་རིམས་་ནད་སྔོན་འགོག་གི་བྱ་བར་ཟབ་ཞུགས་བྱེད་པར་ཧུར་ཐག་བྱེད་བཞིན་ཡོད། 

གསར་འགོད་པ་དབང་རྒྱལ་ཚེ་རིང་གིས་བསྒྱུར།