ཟླ་གཉིས་པའི་ཚེས་བདུན་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་མཉམ་འགོག་མཉམ་འཛིན་རྐྱེན་སྲོལ་གྱིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་སོགས་ལས་ཁུངས་ཀྱིས་རྒྱལ་ཡོངས་ཀྱི་རིམས་ནད་འགོག་བཅོས་ལ་ནུས་ལྡན་སྒོས་སྐུལ་འདེད་བཏང་བ་དང་། མྱུར་སྐྱོབ་སྨན་བཅོས་བྱ་བ་གང་ལེགས་སྒོས་བསྒྲུབས་ནས་ནད་པ་བསྡུ་ལེན་དང་སྨན་བཅོས་བྱས་ཚད་དང་ནད་པ་དྲག་ཚད་སྔར་ལས་མཐོར་འདེགས་སུ་བཏང་བ་དང་ནད་དུག་འགོས་ཚད་དང་ནད་པ་ཤི་ཚད་ཇེ་དམའ་རུ་བཏང་བ་ཡིན་ཞེས་བསྟན། ནོར་སྲིད་པུའུ་སོགས་ལས་ཁུངས་ཀྱིས་རིམས་ནད་འགོག་བཅོས་ལ་རྒྱབ་སྐྱོར་བྱེད་པའི་འབྲེལ་ཡོད་ནོར་སྲིད་དཔྱ་ཁྲལ་སྲིད་ཇུས་མཚམས་སྦྱོར་བྱས་ཏེ་དངུལ་རྩའི་ཚོང་ར་བརྟན་འཇགས་སྒོས་འཁོར་སྐྱོད་བྱེད་པར་འགན་སྲུང་བྱས།
རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་མཚམས་སྦྱོར་བྱས་དོན། མིག་སྔར་རྒྱལ་ཡོངས་ནས་ཧུའུ་པེ་ཞིང་ཆེན་ལ་མངགས་པའི་སྨན་བཅོས་མི་སྣ་ཁྲི་ལས་བརྒལ་བ་དང་། ལོགས་སུ་བཀར་ནས་སྨན་བཅོས་བྱེད་པ་དང་མྱུར་དུ་སྐྱེལ་བ། གཅིག་བསྡུས་སྒོས་ནད་པ་བསྡུ་ལེན་དང་སྨན་བཅོས་བྱེད་པའི་རྩ་དོན་ལྟར། ཚན་རིག་དང་མཐུན་པར་སྨན་བཅོས་བྱས་ནས་ནད་པ་ཤི་ཚད་ཇེ་དམའ་རུ་བཏང་ཟེར།
ནོར་སྲིད་པུའུ་ཡིས་མཚམས་སྦྱོར་བྱས་དོན། ཟླ་གཉིས་པའི་ཚེས་དྲུག་ཉིན་གྱི་ཕྱི་དྲོའི་དུས་ཚོད་ལྔའི་བར་དུ་རིམ་པ་སོ་སོའི་ནོར་སྲིད་ཀྱིས་རིམས་ནད་འགོག་བཅོས་ཐད་ལ་བསྡོམས་པས་མ་དངུལ་སྒོར་ཐེར་ཆེན་དྲུག་དང་ཐེར་འབུམ་དྲུག་དུང་ཕྱུར་བདུན་ལྷག་བཀོད་སྒྲིག་བྱས། ཀྲུང་གོ་མི་དམངས་དངུལ་ཁང་གིས་སྒོར་མོ་ཁྲག་ཁྲིག་གསུམ་གྱི་ཆེད་སྤྱོད་དངུལ་བུན་གཏན་འཁེལ་བྱས་ཏེ་གཟིགས་སྐྱོང་དངུལ་བུན་སྐྱེད་ཀ་ལག་བསྟར་བྱས་པ་དང་། སྨན་རྫས་དང་འཚོ་བའི་དངོས་རྫས་གཙོ་བོའི་ཁེ་ལས་ལ་དངུལ་རྩའིརྒྱབ་སྐྱོར་བྱེད་པར་ཤུགས་བསྣན་ཟེར།