མགྱོགས་འཕྲིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྱིས་གསར་འགྱུར་བྱ་བ་ལས་མཁན་རྣམས་ལ་འཚམས་འདྲི་བྱས།
གངས་ལྗོངས་མེ་ལོང་དྲ་བའི་འཕྲིན། དེ་རིང་སྔ་དྲོར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་འཐུས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རིན་ཝང་ཅན་ཅུན་མཚོ་སྔོན་ཉིན་རེའི་ཚགས་པར་ཁང་དང་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་དུ་ཕེབས་ནས། མཉམ་འདྲེས་སྨྱན་སྦྱོར་བཀོད་འདོམས་ལྟེ་གནས་དང་། སྨྱན་སྦྱོར་ཡོངས་ཀྱི་ལྟེ་གནས། རྒྱང་གཏོང་ཚོད་འཛིན་ཁང་། རྒྱ་སྐད་དང་བོད་སྐད་ཀྱི༼མཚོ་སྔོན་གསར་འགྱུར་མཉམ་སྒྲོག༽འཁྲབ་གཏོང་ཁང་བཅས་སུ་ཏོག་གསར་གློ་ཚད་ཀྱི་དྲིལ་སྒྲོག་གནས་ཚུལ་ལ་རྟོག་ཞིབ་བྱས་པ་དང་། གསར་འགྱུར་བྱ་བ་ལས་མཁན་རྣམས་ལ་འཚམས་འདྲི་བྱས་པར་མ་ཟད། ཁོང་ཚོས་ཏོག་གསར་གློ་ཚད་འགོག་སྲུང་བྱ་བའི་ཁྲོད་བླངས་པའི་ཐུན་མོང་མ་ཡིན་པའི་གྲུབ་འབྲས་ལ་ཐུགས་རྗེ་ཆེ་ཞུས།
ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ནམ་ཞིང་ཆེན་ཏང་ཨུའི་དྲུང་ཡིག་ཚུང་ལིས་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ནམ་ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་མཱ་ཅི་ཞའོ་གཉིས་ལྷན་དུ་འཚམས་འདྲིར་ཕེབས།
གསར་འགོད་པ་ལྕགས་ཐར་ཚེ་རིང་གིས་བསྒྱུར།