མཚོ་སྔོན་ཞིང་ཆེན་གྱིས་ཧུའུ་པེ་ཞིང་ཆེན་ལ་དུག་སེལ་གཤེར་ཁུ་ཏུན50ཡིས་ཞལ་འདེབས་བྱས།
2020.02.11 ཁུངས། ཀློག་གྲངས། 36

 གངས་ལྗོངས་མེ་ལོང་དྲ་བའི་འཕྲིན། ཟླ2ཚེས11ཉིན། མཚོ་སྔོན་ཞིང་ཆེན་གྱིས་ཧུའུ་པེ་ཞིང་ཆེན་གྱི་རིམས་ནད་ཚབས་ཆེ་བའི་ས་ཁུལ་དུ་རིན་གོང་དམངས་སྒོར་ཁྲི་25ལྷག་ཡིན་པའི་པའི་དུག་སེལ་གཤེར་ཁུ་ཏུན50ཞལ་འདེབས་སུ་ཕུལ་ཞིང་།  རྒྱལ་སྨན་མ་རྐང་ཚོད་འཛིན་མཚོ་སྔོན་ཡན་ལག་ཀུང་ཟིའི་རླངས་འཁོར་ནང་བརྩིགས་ཏེ།  མཚོ་སྔོན་གྱི་རིགས་སོ་སོའི་མི་དམངས་ཀྱིས་ཧུའུ་པེ་མི་དམངས་ལ་སྐྱེས་སུ་ཕུལ་བའི་བརྩེ་སེམས་འཁྱེར་ནས་ཧུའུ་པེ་བུའུ་ཧན་ཕྱོགས་སུ་ཆས།

དངོས་པོ་འདི་དག་ནི་ཞིང་ཆེན་རིམས་ནད་སྔོན་འགོག་ཚོད་འཛིན་ཐད་གཅོད་ལས་དོན་བཀོད་འདོམས་པུའུ་དངོས་ཟོག་འགན་ལེན་ཚོ་ཆུང་གིས་བཀོད་སྒྲིག་འགན་ལེན་བྱས་པ་དང་། མཚོ་སྔོན་ཧུའུ་ཡུན་དངོས་ཟོག་སྐྱེལ་འདྲེན་ཚད་ཡོད་ཀུང་ཟིས་སྐྱེལ་འདྲེན་བྱས། སྔོན་རྩིས་བྱས་པ་ལྟར་ན་ཟླ2པའི་ཚེས13ཉིན་ཧུའུ་པེ་རུ་འབྱོར་ཐུབ།

གསར་འགོད་པ་ཐུབ་བསྟན་རྡོ་རྗེ་ཡིས་བསྒྱུར།