རིམ་པ་སོ་སོའི་ནོར་སྲིད་ཀྱིས་རིམས་ནད་འགོག་སྲུང་ཐད་མ་དངུལ་སྒོར་དུང་ཕྱུར900ལྷག་བཏང་།
2020.02.17 ཁུངས། ཀློག་གྲངས། 24

གངས་ལྗོངས་མེ་ལོང་དྲ་བའི་འཕྲིན།  ཏང་ཀྲུང་དབྱང་གི༼མ་དངུལ་འབོར་ཆེན་བཏང་སྟེ། ཕྱོགས་སོ་སོའི་རིམས་ནད་འགོག་སྲུང་བྱ་བར་མ་དངུལ་གྱི་དགོས་མཁོ་སྐོང་ཅི་ཐུབ་བྱ་དགོས༽ཞེས་བའི་དགོངས་དོན་ལྟར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་བཀོད་པ་བརྒྱུད། ཟླ2པའི་ཚེས14ཉིན། ནོར་སྲིད་པུའུ་ཡིས2020ལོའི་ཐེངས་གཉིས་པའི་ཏོག་གསར་གློ་ཚད་འགོག་སྲུང་ཐད་ལ་མ་དངུལ་སྒོར་དུང་ཕྱུར80བཏང་ནས། ཕྱོགས་སོ་སོའི་རིམས་ནད་འགོག་སྲུང་བྱ་བར་རྒྱབ་སྐྱོར་བྱས། དེ་ལས་ཧུའུ་པེ་ཞིང་ཆེན་ལ་མ་དངུལ་སྒོར་དུང་ཕྱུར35བཏང་།  ཟླ2པའི་ཚེས14ཉིན་བར་དུ། རིམ་པ་སོ་སོའི་ནོར་སྲིད་ཀྱིས་རིམས་ནད་འགོད་སྲུང་ཐད་མ་དངུལ་སྒོར་དུང་ཕྱུར་901.5བཏང་ཡོད་པ་དང་། དེ་ལས་ཀྲུང་དབྱང་ནོར་སྲིད་ཀྱིས་མ་དངུལ་སྒོར་དུང་ཕྱུར252.9བཏང་སྟེ། རིམས་ནད་འགོག་སྲུང་གི་བྱ་བར་ཁག་ཐེག་བྱས།

ཉེ་ཆར།  ནོར་སྲིད་པུའུ་ཡིས་ནན་གྱིས་བསྟན་དོན། ས་གནས་ཁག་གི་རིམ་པ་སོ་སོའི་ནོར་སྲིད་སྡེ་ཁག་གིས་ས་གནས་ཀྱི་ཏང་ཨུ་དང་སྲིད་གཞུང་གི་བཀོད་འདོམས་ལྟར། ཁྱད་དོན་ཁྱད་སྒྲུབ་དང་མྱུར་དོན་མྱུར་སྒྲུབ་ཀྱི་རྩ་དོན་ལྟར་མ་དངུལ་བེད་སྤྱོད་ལེགས་པོ་གཏོང་དགོས་ལ། ས་ཁུལ་སོ་སོའི་ཞིང་ཆེན་རིམ་པའི་ནོར་སྲིད་ཀྱིས་རིམས་ནད་འགོག་སྲུང་གི་མ་དངུལ་ལ་དཀའ་ཁག་ཆེ་བའི་གཞི་རིམ་ས་ཆར་དུས་ཐོག་ཏུ་མ་དངུལ་མཁོ་འདོན་བྱེད་དགོས།  མ་དངུལ་གྱི་འཁོར་སྐྱོད་ལ་ལྟ་རྟོག་ཞིབ་ཚགས་བྱེད་དགོས་ལ། ས་གནས་དང་སྡེ་ཁག་གང་གིས་ཀྱང་རང་དགར་བེད་སྤྱོད་བྱས་མི་ཆོག་པར། ངེས་པར་དུ་ཡང་དག་པའི་སྒོ་ནས་རིམས་ནད་འགོག་སྲུང་གི་བྱ་བའི་ཐད་ལ་སྤྱོད་དགོས་པར་བསྟན། 

གསར་འགོད་པ་ཐུབ་བསྟན་རྡོ་རྗེ་ཡིས་བསྒྱུར།