གུང་གཞོན་ཚོགས་པ་ཞིང་ཆེན་ཏང་ཨུས་རང་ཞིང་ནས་ཧུའུ་པེ་ལ་རོགས་སྐྱོར་དུ་བསྐྱོད་པའི་སྨན་བཅོས་རུ་ཁག་སྐོར་དང་པོའི་མི་སྣར་ཁ་པར་སྐད་རིན་སྤྲད།
2020.02.18 ཁུངས། ཀློག་གྲངས། 20

གངས་ལྗོངས་མེ་ལོང་དྲ་བའི་འཕྲིན། གུང་གཞོན་ཚོགས་པ་ཞིང་ཆེན་ཏང་ཨུས་རང་ཞིང་ནས་ཧུའུ་པེ་ལ་རོགས་སྐྱོར་དུ་བསྐྱོད་པའི་སྨན་བཅོས་རུ་ཁག་སྐོར་དང་པོའི་མི་སྣར་ཁ་པར་སྐད་རིན་སྤྲད། ཏོག་གསར་གློ་ཚད་ཀྱི་རིམས་ནད་བྱུང་བ་ནས་བཟུང་རྒྱལ་ཡོངས་ཀྱི་སྨན་དོན་མི་སྣས་སྲིད་གཞུང་གི་འབོད་སྐུལ་དང་ལེན་ཧུར་ཐག་གིས་མི་དམངས་ཀྱི་བདེ་ཐང་ཨང་དང་པོར་བཞག་ཅིང་། ཏང་དང་མི་དམངས་ལ་ཚད་མཐོན་པོས་འགན་ཁུར་ཏེ་རིམས་ནད་འགོག་སྲུང་གི་གཡུལ་ས་དང་པོ་བརྟན་སྲུང་བྱས།

ཟླ1པོའི་ཚེས28ཉིན། མཚོ་སྔོན་ནས་ཧུའུ་པེ་ལ་རོགས་སྐྱོར་དུ་བསྐྱོད་པའི་སྨན་བཅོས་རུ་ཁག་སྐོར་དང་པོ་བུའུ་ཧན་དུ་འབྱོར་རྗེས། ཁོ་ཚོར་དུས་ཐོག་ཏུ་གུང་གཞོན་ཚོགས་པ་རྩ་འཛུགས་ཀྱི་ཐུགས་ཁུར་དང་སྤྱི་ཚོགས་ཀྱི་ཕྱོགས་སོ་སོའི་ལྷག་བསམ་རེག་ཆེད། མཚོ་སྔོན་ཆོན་རིན་ལས་གཞི་འཛུགས་སྐྲུན་ཚད་ཡོད་ཀུང་ཟིས་གུང་གཞོན་ཚོགས་པ་ཞིང་ཆེན་ཏང་ཨུ་དང་མཚོ་སྔོན་ཞིང་ཆེན་ན་གཞོན་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་ལ་སྒོར་ཁྲི་བཅུ་ཡི་ཞལ་འདེབས་ཕུལ་ནས་སྨན་དོན་མི་སྣ137ལ་གཅེས་སྐྱོང་བྱ་འགུལ་སྤེལ་ཞིང་། མི་རེའི་ཁ་པར་ནང་སྐད་རིན་སྒོར500རེ་སྤྲད་ནས་དུས་ཐོག་ཏུ་ནང་མིར་འབྲེལ་གཏུག་ཐུབ་རྒྱུར་འགན་ལེན་ཁག་ཐེག་བྱས།

རིམས་ནད་ལ་འགོག་རྒོལ་བྱས་པ་ནས་བཟུང་། གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་མཚོ་སྔོན་ཞིང་ཆེན་ན་གཞོན་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་ཀྱིས་ཡོངས་བསྒྲགས་ངང་ཞལ་འདེབས་སློང་བའི་གྲོས་འགོ་བཏོན་པ་དང་། ཞིང་ཆེན་ཡོངས་ཀྱི་ཁེ་ལས་དང་མི་སྒེར་སོགས་ཀྱིས་སྒོར904108.36ཞལ་འདེབས་བརྒྱབ། ཞལ་འདེབས་མ་དངུལ་གྱིས་དུས་ཐོག་ཏུ་ཧུའུ་པེའི་རིམས་ནད་འགོག་སྲུང་ལ་རམ་འདེགས་བྱས་པར་མ་ཟད། མཚོ་སྔོན་ཞིང་ཆེན་འགོས་ནད་ཆེད་དོན་སྨན་ཁང་ལ་སྒོར་ཁྲི35ཡི་ཞལ་འདེབས་ཕུལ་བ་དང་། མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པའི་བུའུ་ཧན་རོགས་སྐྱོབ་རུ་ཁག་གི་སྨན་དོན་མི་སྣ10ལ་སྒོར་ཁྲི་3ལྷག་གི་རིན་ཐང་ལྡན་པའི་སྨན་སྤྱོད་འགོག་སྲུང་གྱོན་ཆས་ཕུལ་བ་བཅས་བྱས་ཏེ། ཞལ་འདེབས་ཕུལ་མཁན་དག་གི་འདོད་བློ་ལྟར་བསྡུ་རུབ་བྱས་པའི་དངུལ་དངོས་རྣམས་བེད་སྤྱོད་ནུས་ལྡན་ཐུབ་པ་བྱས།

གསར་འགོད་པ་ལྕགས་ཐར་ཚེ་རིང་གིས་བསྒྱུར།